དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཚན་མར་གཅེས་སྤྲས་བྱས་དྲགས་ན་གནོད་འཚེ་གང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-04-08

    སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་གོང་མཐོར་སོང་བ་དང་བསྟུན་ནས་བུད་མེད་མང་དག་ཅིག་གིས་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་པ་དང་དགོང་ལྟར་ནད་འགོག་དུག་སེལ་གྱི་ཆུས་མཚན་མའི་ཕྱི་ངོས་འཁྲུ་བ་དང་། ལུས་འབྲེལ་ཚར་རྗེས་མངལ་ལམ་འཁྲུ་གི་ཡོད། ཡིན་ནའང་སྔར་བཞིན་མཚན་མར་གཉན་ཚད་ཕོག་གི་ཡོད། དོན་དངོས་ཐོག་མཚན་མའི་གཉན་ཚད་དེ་ནི་མཚན་མར་གཅེས་སྤྲས་བྱས་དྲགས་པའི་རྐྱེན་གྱིས་བཟོས་པ་ཞིག་ཡིན་པ་རེད།

    བུད་མེད་ཀྱི་མཚན་མའི་ཕྱི་ངོས་དང་མངལ་ལམ་ནང་དུ་ནད་འབུ་མང་པོ་ཡོད། འོན་ཀྱང་ནད་འབུ་ཚང་མས་ན་ཚ་བཟོ་གི་མེད་ལ། དེའི་ཁྲོད་དུ་ནད་སློང་བ་དང་མི་སློང་བའི་ནད་འབུ་ཁག་གཉིས་ཡོད་པས་དེ་དག་མངལ་ལམ་གྱི་སྐྱུར་ཚྭའི་ཁོར་ཡུག་ཁྲོད་ཕན་ཚུན་ཚོད་འཛིན་ཕོག་སྟེ་ནད་ཕོག་གི་མེད། དེར་བརྟེན་དུག་སེལ་ནད་འགོག་སྨན་ཆུས་མཚན་མ་བཀྲུས་ཚེ་མངལ་ལམ་གྱི་དེ་སྔའི་སྐྱུར་ཚྭ་དང་ནད་འབུའི་དབར་གྱི་ཚོད་འཛིན་དོ་སྙོམས་ཡོང་རྒྱུར་གཏོར་སྐྱོན་ཕོག་ནས་ནད་སློང་ནད་འབུ་གང་མང་སྐྱེ་འཕེལ་བྱུང་སྟེ་སྐྱེ་འཕེལ་དབང་པོར་རིགས་མི་འདྲ་བའི་གཉན་ཚད་ཕོག་གི་ཡོད།

    གཙང་སྦྲ་འཕྲོད་བསྟེན་བྱ་རྒྱུ་དེ་ཚན་རིག་དང་མཐུན་པ་བྱེད་དགོས། དགོང་ལྟར་ཆུ་དྲོད་འཇམ་གྱིས་མཚན་མའི་ཕྱི་ངོས་གཙང་མ་འཁྲུ་བ་དང་ཆབས་ཅིག་སྐམ་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐོག ནང་འཇམ་ཡང་སེ་བརྗེ་དགོས་ཤིང་རྫས་འགྱུར་ཚི་སྣ་ཡོད་པའི་ནང་འཇམ་དང་དམ་ཞིང་རླུང་འགྲོ་དཀའ་བའི་གོས་ཐུང་གྱོན་རྒྱུ་མེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།