དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-04-05

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཁོངས་མིའི་ཚན་པའི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལས་དོན་ཐད་ཕྱོགས་སྡོམ་བྱས་པ་དང་འདི་ལོའི་ལས་དོན་གྱི་ལས་འགན་ཁག་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་བ་མོང་ཏེ་ལི་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཚན་རིག་བྱང་ཚད་ལས་དོན་ནི་རྨང་གཞིའི་འདུ་འགོད་དང་སྤྱི་ཚོགས་ཡོངས་ཀྱི་ཐུང་མོང་འགན་འཁྲི་དང་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་བྱང་ཚད་བྱ་སྤྱོད་འཆར་གཞིའི་རྩ་གནད་ལག་བསྟར་ཇུས་གཞི་བཏོན་ནས་ཚན་རིག་བྱང་ཚད་ལས་དོན་དེ་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་དང་། དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི“གཉིས་གཏོད”ལས་དོན་དང་ཟུང་འབྲེལ་བྱས་ཐོག་གཙོ་གནད་མི་སྣ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོགས་སྤྱིའི་ཚན་རིག་བྱང་ཚད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་2020ལོར་སླེབས་སྐབས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བསྡུར་ཚད་2.4%ཡི་དམིགས་ཚད་ལོན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།