དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་​ཀྱིས་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱིས་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-04-03

    ཚེས་26ཉིན། གསར་འགོད་པས་བོད་ལྗོངས་མཐའ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་དཔྱད་རིམས་བཤེར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཅུས་དེས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ཀྱི་ཁྱད་ལྡན་ཐོན་ལས་དང་གསར་དར་ཐོན་ལས་འཕེལ་རྒྱས་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། ཕྱིར་གཏོང་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་བཏང་ཡོད། ལྷག་པར་དུ་2015ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་དུ་སྐྱེ་ལྡན་ཐོན་ལས་ཀྱི་བདེན་དཔང་ར་སྤྲོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་སྒོ་སྤེལ་ཏེ་ས་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་ནུས་ལྡན་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    2015ལོའི་ལོ་འགོར་བོད་ལྗོངས་མཐའ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་དཔྱད་རིམས་བཤེར་ཅུས་ཀྱིས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་མཉམ་འབྲེལ་ཐོག་གཞིས་རྩེ་གྲོང་ཁྱེར་དུ་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་རེད། འཛུགས་སྐྲུན་བྱེད་སྒོ་སྤེལ་བ་དང་སྦྲགས་གཞིས་རྩེ་གྲོང་ཁྱེར་གྱིས་ནས་དང་། གམ་པའི་ལུག ཞོག་ཁོག ཁྱད་ལྡན་སྔོ་ཚལ། བོད་བྱ། ནགས་ཁྲོད་ཐོན་ཁུངས་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་སྐྱེ་ལྡན་ཐོན་ལས་ལ་བདེན་དཔང་ར་སྤྲོད་བྱེད་པའི་ལས་དོན་སྔར་བས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་དེ་ཡོངས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱིས་སྐྱེ་ལྡན་བརྗེ་སྒྱུར་ལག་ཁྱེར་རེ་ཞུ་ཐུབ་པ་དང་སྐྱེ་ལྡན་ཐོན་ལས་བདེན་དཔང་ར་སྤྲོད་ལག་ཁྱེར་ཁྱོན་43ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།