༡ མཆོག་གསུམ་བླ་མར་བཟུང་ནས་གུས་པས་མཆོད།
༢ འདི་དང་ཕྱི་མར་ཕན་པའི་དམ་ཆོས་བསྒྲུབ།
༣ ཕ་མར་དྲིན་གསོའི་ཆེད་དུ་བསྙེན་བཀུར་བྱེད།
༤ ཡོན་ཏན་ཅན་ལ་གུས་པས་བཀུར་ཞིང་བསྟེན།
༥ རིགས་མཐོ་བ་དང་རྒན་པར་ཞེ་ས་བྱེད།
༦ མཛའ་བཤེས་རྣམས་ལ་བརྩེ་བའི་གཞུང་རིང་བྱ།
༧ ཡུལ་མི་ཁྱིམ་མཚེས་དམན་པར་ཕན་པ་སྒྲུབ།
༨ གཞན་གྱི་གཏམ་འཆལ་མི་ཉན་ཡིད་དྲང་བརྟན།
༩ ཡ་རབས་སྤྱོད་པར་མིག་ལྟོས་ཡར་བལྟ་བྱེད།
༡༠ ཟས་དང་ནོར་ལ་རན་པར་སྤྱོད་ཤེས་དགོས།
༡༡ དྲིན་ཅན་རྣམས་ལ་དྲིན་ལན་ཕན་པ་གསོ།
༡༢ བྲེ་སྲང་ཚོང་ལ་རྫུན་དང་གཡོ་སྒྱུ་སྤངས།
༡༣ ཉེ་རིང་སྙོམས་ཤིང་གཞན་ལ་ཕྲག་མི་དོག
༡༤ གྲོགས་ངན་གཡོ་སྒྱུ་ཅན་ལ་གྲོགས་མི་འགྲོགས།
༡༥ ངག་འཇམ་གཏམ་དང་རྗེས་སུ་མཐུན་གཏམ་སྨྲ།
༡༦ ཆོས་སྲིད་གང་ལ་དཀའ་སྤྱད་བློ་ཁོག་ཡངས།