
འདི་ནི་གྲོང་མིས་ཆུ་ཡུར་ཉམས་བཟོ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
སྐལ་བཟང་ཆུ་ཡུར་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་གྲོང་གཉིས་གྲོང་ཚོ་དང་། མི་གྲོང་གྲོང་ཚོ། གྲོག་ཕུ་གྲོང་ཚོ་བཅས་གྲོང་ཚོ་གསུམ་གྱི་ས་ཞིང་མུའུ་7200ལྷག་ཙམ་གྱི་ཐོན་འབབ་བརྟན་པོ་དང་འབབ་འཕར་ཡོང་རྒྱུ་དང་འབྲེལ་བ་ཡོད་པའི་ཆུ་ཡུར་གལ་ཆེན་ཞིག་ཡིན། ཞིང་ཁར་ཆུ་ཡག་པོ་འདྲེན་ཐུབ་རྒྱུ་འགན་ལེན་བྱ་ཆེད། ཉེ་ཆར་ཐང་སྐྱ་ཤང་གིས་གྲོང་མི་400ལྷག་ཙམ་སྒྲིག་འཛུགས་བྱས་ནས་དུས་ཡུན་གཟའ་འཁོར་གཅིག་ནང་ཆུ་ཡུར་ཉམས་བཟོ་ཤུགས་ཆེན་བྱས་ནས་འདི་ལོ་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཞིང་།