དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཉིད་ཉལ་སྐབས་ཀྱི་འཛེམས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-03-30

    གཉིད་ཉལ་རྒྱུ་ནི་མིའི་རིགས་ངལ་གསོ་བའི་ཕན་ཡོད་ཀྱི་ཐབས་ཤེས་ཡག་ཤོས་ཤིག་ཡིན་ལ། ཚན་རིག་དང་མཐུན་པའི་བདེ་སྲུང་གི་ནང་དོན་གཙོ་བོ་ཞིག་ཀྱང་རེད། འོན་ཏེ་གཉིད་མ་ཉལ་གོང་གི་དོན་ཆུང་འགའ་ཞིག་ལ་སྣང་ཆུང་ཤོར་ན་བདེ་ཐང་ལ་གནོད་འཚེ་ཡོད་པ་ཡང་མཁྱེན་དགོས་ངེས་རེད།

    དོ་སྣང་དགོས་པ་གཤམ་གསལ་སྟེ། 

     1. ལག་འདོགས་ཆུ་ཚོད་ཕུད་དགོས།

    ལག་འདོགས་ཆུ་ཚོད་བཏགས་ནས་གཉིད་ལ་ཡུར་ན་ཆུ་ཚོད་དེ་རང་བེད་སྤྱོད་བྱེད་པའི་ཡུན་ཚད་ཐུང་དུ་འགྲོ་བ་ཙམ་མ་ཟད། ཆུ་ཚོད་མང་པོ་ཞིག་གི་ནང་རྫས་འགྱེད་འཕྲོ་ཕྲ་མོས་མི་ལུས་ལ་མངོན་མེད་ཀྱི་གནོད་སྐྱོན་གཏོང་གི་ཡོད།

    2. སོ་ཚབ་ཕུད་དགོས།

    སོ་ཚབ་བསྒར་བའི་མི་མཚན་མོ་གཉིད་ཉལ་སྐབས་སོ་ཚབ་ཕུད་དགོས་པ་ལས་ཁ་ནང་རང་དགར་བཞག་ན་གཉིད་ཁུག་པའི་སྐབས་སུ་སོ་ཚབ་མིད་པའི་ནང་ཤོར་ཉེན་ཆེན་པོ་ཡོད། 

    3. ནུ་ཤུབས་བཀྲོལ་དགོས།

    ཕྱི་རྒྱལ་གྱི་ནུ་མའི་ནད་རིགས་ལ་ཞིབ་འཇུག་བྱེད་མཁན་ཚོས་བརྟག་དཔྱད་བྱས་པར་གཞིགས་ན། རྒྱུན་རིང་ནུ་ཤུབས་གྱོན་མཁན་གྱི་བུད་མེད་ཚོར་ནུ་མའི་ནད་གཞི་ཕོག་ཚད་དེ་ནུ་ཤུབས་མི་གྱོན་མཁན་ལས་བལྟོས་བཅས་ཀྱིས་མང་བ་ཡོད་པས། ནུ་ཤུབས་གྱོན་ཏེ་གཉིད་ཉལ་བའི་གོམས་གཤིས་དེ་རིགས་མ་འཇགས་པར་བྱེད་པའི་དྲན་སྐུལ་བྱས་ཡོད། 

    4.སྔས་མགོར་ཁ་པར་འཇོག་མི་རུང་།

    མི་མང་པོ་ཞིག་ལ་སྔས་མགོར་ཁ་པར་སྤྱོད་པའི་གོམས་གཤིས་ཡོད་མོད། ཆེད་ལས་མི་སྣས་བརྟག་དཔྱད་བྱས་པར་གཞིགས་ན། དོན་ངོ་མར་ཁང་པའི་ནང་གི་གློག་ཆས་དང་ཁ་པར་སོགས་འཕྲུལ་ཆས་ཀྱི་གློག་ཤུགས་དེ་ཁང་པའི་ནང་དུ་མཁའ་རླུང་བཙོག་པ་བཞིན་དུ་འཁྱིལ་ནས་མི་ལུས་ལ་མངོན་མེད་ཀྱི་གནོད་འཚེ་བཟོ་བཞིན་པའི་ར་སྤྲོད་བྱུང་ཡོད་དོ།

    5. ཚོས་གསར་འཕྱིས་དགོས་ལ་མགོ་སྐྲ་རློན་པར་ཉལ་རྒྱུ་མེད།   

    བུད་མེད་ན་ཆུང་མ་ཚོས་ངོ་གདོང་ལ་བྱུག་པའི་ཚོས་གསར་མ་འཕྱིས་པར་གཉིད་ཉལ་བ་དེ་ནི་བྱད་བཞིན་གྱི་བ་སྤུའི་བུ་ག་འགག་ནས་འབྲུམ་ཐོར་ཐོན་པའི་རྒྱུ་རྐྱེན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་མགོ་སྐྲ་རློན་པར་གཉིད་ལ་ཡུར་ཚེ་མགོ་ཡུར་འཁོར་བ་དང་ཞེ་མེར་ལངས་པ། ཕྱི་ཉིན་མགོ་བོ་མི་བདེ་བའི་ཚོར་སྣང་བྱུང་བ་བཅས་ཡིན་ནོ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།