
ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྕང་ར་ཤར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མངགས)གི་རུ་མིས་བརྩེ་སེམས་འཆང་བ་དང་གནད་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་ཁྱིམ་དང་། ཞིང་ནང་། མུ་ཁ་བཅས་སུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྙིང་གཏམ་ཤོད་རེས་དང་། བསམ་འཆར་བསྡུ་ལེན། ཁོང་ཚོའི་དཀའ་ངལ་ཤེས་རྟོགས་བཅས་བྱས་ནས་དབུལ་སྐྱོར་དཀའ་སེལ་ལས་དོན་ཧུར་ཐག་སྤེལ་ཞིང་། འདི་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པད་མ་རྒྱ་མཚོ(གཡས་ཀྱི་དང་པོ)ཡིས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་གྲོང་མི་བུ་མོ་ཟླ་བའི་ཁྱིམ་དུ་བསྐྱོད་ནས་དཔྱིད་རྨོད་དཔྱིད་འདེབས་གྲ་སྒྲིག་བྱས་ཚུལ་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།