དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ཤིང་ཏོག་ཟ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-03-24

    ཤིང་ཏོག་ནི་བདེ་ཐང་ལ་ཕན་པའི་ཟས་རིགས་ཤིག་ཡིན་རུང་དེ་ཟ་སྐབས་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་དང་བསྟུན་ནས་མ་ཟས་ན་དུག་ལ་འགྲོ་སྲིད།

    1.ཤིང་ཏོག་བཟས་དྲགས་རྒྱུ་མེད།   མཁས་དབང་གིས་བཤད་པར་ཉིན་རེར་ཤིང་ཏོག་ཁེ་200གཡས་གཡོན་དུ་བཟས་ན་མཚམས་ཤོས་ཡིན།  ཤིང་ཏོག་མང་ཆེ་བའི་ནང་སྤྲི་དཀར་གྱི་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པས་དེ་རིགས་བཟས་དྲགས་ན་ཕོ་ཁ་ན་བ་དང་གྲོད་པ་སྦོས་པ་སོགས་བྱེད་ཀྱི་ཡོད།  ལྷག་པར་དུ་ཕོ་རྒྱུའི་དྲོད་ཉམས་པའི་རྒན་རྒོན་ཚོས་ཤིང་ཏོག་ཀན་ཇུས་མང་པོ་བཟའ་རྒྱུ་མེད་པ་དང་།  ཕོ་རྒྱུ་ཡག་པོ་མེད་པ་དང་བཙོག་པ་སྐམ་པོ་དང་འགག་འགྲོ་བའི་མིས་ཤིང་ཏོག་ཨ་མྲ་བཟའ་རྒྱུ་མེད་པ།  གཞན་ཡང་ཕོ་རྒྱུའི་ནད་ཡོད་པ་དང་ཟུངས་ཁྲག་གི་ནུས་པ་འགག་པའི་མིས་ཤིང་ཏོག་པོ་ལུའོ་བཟའ་རྒྱུ་མེད།  ཤིང་ཏོག་ངང་ལག་ནང་མངར་ཆ་དང་ཅ་རིགས་འདུས་ཚད་མཐོ་པོ་ཡོད་པས་ཁྲག་གི་མངར་ཆ་མཐོ་བ་དང་མཁལ་མའི་ནུས་པ་ཡག་པོ་མེད་པའི་མི་རྣམས་ཀྱིས་ཉུང་ཙམ་བཟའ་དགོས།

    2.ཤིང་ཏོག་གིས་སྔོ་ཚལ་གྱི་ཚབ་བྱ་རྒྱུ་མེད།    མ་གཞི་ཤིང་ཏོག་དང་སྔོ་ཚལ་གྱི་འཚོ་བཅུད་འདྲ་པོ་ཡོད།  འོན་ཀྱང་ཤིང་ཏོག་གིས་སྔོ་ཚལ་གྱི་ཚབ་བྱེད་མི་ཐུབ།   དཔེར་ན་པད་ཚལ་དང་།  པོའོ་ཚལ་ནང་འཚོ་བཅུད་Cའདུས་ཚད་དེ་ཀུ་ཤུ་དང་།  ཁམ་བུ།  ལི་སོགས་ལས་ལྡབ་10ཡིས་མཐོ་བ་ཡོད།  གལ་ཏེ་མིའི་གཟུགས་པོའི་ནང་ཉིན་གཅིག་གི་འཚོ་བཅུད་Cའདུས་ཚད་ལྟར་ན་ཀུ་ཤུ་སྤྱི་རྒྱ་5བཟས་པ་དང་མཚུངས་ཀྱི་ཡོད།

    3.ཤིང་ཏོག་གི་པགས་པ་བཤུས་པ་ཁོ་ནས་ཞིང་སྨན་གཙང་མ་དག་པའི་ངེས་པ་མེད།   མཁས་དབང་གིས་བཤད་པར་མི་མང་པོ་ཞིག་གིས་ཤིང་ཏོག་སྟེང་དུ་ཞིང་སྨན་འགོས་པའི་དོགས་པ་བྱས་ནས་ཤིང་ཏོག་ཟ་སྐབས་ཁའི་པགས་པ་བཤུས་པ་ཙམ་གྱིས་ཞིང་སྨན་གཙང་དག་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།  དོན་དངོས་ཐོག་གནོད་འབུ་འགོག་ཆེད་ཞིང་སྨན་མང་ཆེ་བ་རྩ་བར་བརྒྱབ་ཀྱི་ཡོད་པ་དང་།  ད་དུང་ཁག་ཅིག་ཐད་ཀར་འབྲས་ཤིང་གི་པགས་པའི་ནང་ངོས་སུ་བརྒྱབ་ནས་གནོད་འབུ་རྩ་མེད་བཟོ་གི་ཡོད།  དེར་བརྟེན་ཤིང་ཏོག་ནང་གི་འཚོ་བཅུད་འདུས་ཚད་མཐོ་ཤོས་ནི་ཁའི་པགས་པའི་ཉེ་འཁོར་ཡིན་པས་ཤིང་ཏོག་གཙང་མར་བཀྲུས་ནས་པགས་པ་ཡོད་པར་བཟས་ན་ཚན་རིག་དང་མཐུན་པ་ཞིག་ཡིན།  

    4.ཤིང་ཏོག་གིས་ལྟོ་ཆས་ཀྱི་ཚབ་བྱེད་མི་ཉན།    བུད་མེད་འགའ་ཞིག་གིས་ཁ་ལག་བཟའ་བའི་དུས་ཚོད་སྐབས་ཤིང་ཏོག་ཀྱང་བཟས་ན་གཅིག་ནས་ཤ་རིད་དུ་འགྲོ་བ་དང་གཉིས་ནས་མཛེས་བཟོའི་ནུས་པ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།  དོན་དངོས་ཐོག་ལྟ་ཚུལ་དེ་རིགས་ནོར་འཁྲུལ་ཞིག་ཡིན་པས་ཡུན་རིང་སོང་ན་སྐྲ་ལ་ཞག་མེད་པར་ཆད་འགྲོ་བ་དང་།  ངོ་གདོང་གི་པགས་པར་བཀྲག་མདངས་མེད་པ།  ད་དུང་འཆམ་པ་བརྒྱབ་སླ་བ།  ཁྲག་ཤེད་དམའ་པོ་ཆགས་པ།  གཟུགས་པོའི་ཐོག་གི་ཤིན་རྒྱུ་མི་འདང་བ་སོགས་བྱས་ནས་ལས་ཀ་དང་སློབ་སྦྱོང་ཐད་འགོག་རྐྱེན་བཟོ་སྲིད་པས་ཡིད་འཇགས་འཚལ། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།