དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-03-22

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་3ཚེས་21ཉིན་ནས་ཟླ་3ཚེས་27ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲི་དང་། ནག་ཆུ། ཆབ་མདོ་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ལྷོ་ཁ་དང་ལྷ་སར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། དབུས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲིར་གངས(ཆར་པ)འབྲིང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ གངས(ཆར་པ)ཆེན་པོ་འབབ་རྒྱུ། ནག་ཆུ་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། གཞིས་རྩེ་དང་ལྷ་སར་གནམ་འཐིབས་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་ རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་ རྒྱུ།

    གཉིས། གྲོས་འགོ

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དུ་སྔར་བཞིན་གངས་ཆར་འབབ་རྒྱུ་དང་ ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་ཐེབས་རྒྱུ་ཡིན་པས་འགྲིམ་འགྲུལ་སྐྱེལ་ འདྲེན་དོ་དམ་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། ས་བབ་དམའ་བའི་ཞིང་ཁུལ་དུ་དཔྱིད་རྨོད་དཔྱིད་གྲབས་ལས་དོན་སྤེལ་རྒྱུར་འཚམ་པོ་ ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།