དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་སྔོ་ཚལ་འདེབས་འཛུགས་ལས་རིགས་ལ་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-03-21

    W020160319401031223408.jpg

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་ལས་རིགས་ལ་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་བྱུང་ཡོད། སྔོན་རྩིས་ལྟར་ན་2016ལོའི་ལོ་མཇུག་ཏུ་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་སྔོ་ཚལ་དབྱར་ཁ་དང་སྟོན་ཁ་དུས་ཚིགས་གཉིས་སུ་རང་མཁོ་རང་སྤྲོད་ཐུབ་ཚད་90%ཡན་དང་། དཔྱིད་ཀ་དང་དགུན་ཁའི་དུས་ཚིགས་གཉིས་སུ་རང་མཁོ་རང་སྤྲོད་ཐུབ་ཚད་65%ཡན་ཟིན་པ་བྱ་རྒྱུ་མ་ཟད། “ཤ་ཚལ་སྒོང་གསུམ”གྱི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་ཡིན་པས་གྲོང་མི་མི་རེའི་ཉིན་རེའི་ཆ་སྙོམས་སྔོ་ཚལ་སྤྱོད་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་དུ་སླེབས་ཉེར་ཡོད་ཅིང་། འདི་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་དྲོད་ཁང་ཆེ་མོའི་ནང་ཞིང་པས་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།