1.རང་གི་ཚོམས་ཆེན་ནང་གློག་ཞུ་གྲ་རྒྱས་ཙམ་སྒྲིག་གཤོམ་བྱས་ནས་ལོ་གསར་དང་རྟེན་འབྲེལ་སོགས་མི་མང་འདུས་སྐབས་སྐུ་མགྲོན་རྣམས་ཁམས་གཙང་ཞིང་གསལ་ཆ་ཆེ་བའི་ཁང་པའི་ནང་དགའ་སྟོན་ཅི་དགར་རོལ་བར་མཐུན་རྐྱེན་སྦྱོར་དགོས། ཁྱིམ་ཚང་ནང་སྐུ་མགྲོན་མེད་པའམ་ནང་མི་ཉུང་དུས་གློག་སྒྲོན་ཆེ་བ་རྣམས་བཀག་ནས་དོན་མེད་ཀྱི་འགྲོ་སོང་མི་འགྲོ་བ་བྱེད་དགོས།
2.རོལ་རྩེད་སྐབས་ཀྱི་གློག་སྒྲོན། བརྙན་འཕྲིན་ལྟ་བ་དང་རོལ་དབྱངས་ཉན་སྐབས་གློག་སྒྲོན་གསལ་ཆ་དེ་ཙམ་ཆེན་པོ་བྱ་རྒྱུ་མེད་པར་རང་མིག་གི་བདེ་ལོས་དང་འཚམ་པའི་གློག་སྒྲོན་སྤྱོད་དགོས།
3.མཛེས་རྒྱན་གློག་སྒྲོན། ཚོམས་ཆེན་ནང་གི་མཛེས་རྩལ་དངོས་པོ་དང་མེ་ཏོག་རྩི་ཤིང་། བརྙན་དཔར་དང་འཛིན་ཆས་སོགས་ལ་གསལ་ཆ་ཆེ་བའི་གློག་སྒྲོན་ཕོག་ཚེ་བཀྲག་མདངས་རྣམ་པར་མངོན་ཐུབ།
4.ངལ་གསོ་བའི་གློག་སྒྲོན། ཇ་འཐུང་ནས་ངལ་གསོ་སྐབས་ཅུང་ཁམས་ནག་པའི་གློག་སྒྲོན་སྤྱད་ན་གཟུགས་པོ་ལྷོད་དུ་བབ་ཐུབ།
གང་ལྟར་དུས་དང་རྣམ་པ་ཀུན་ཏུ་གློག་གང་བྱུང་དུ་འཕྲོ་བརླག་མི་གཏང་བར་གྲོན་ཆུང་ངང་རང་བྱུང་ཁམས་ཀྱི་ཐོན་ཁུངས་དེ་དག་ལ་ཚད་རན་པའི་བེད་སྤྱོད་གནང་རྒྱུ་དེ་ཧ་ཅང་ནས་གལ་ཆེའོ།