དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གུང་ལ་ཕུག་བྱ་དེར་བསྟེར་ན་སྒོ་ང་གཏོང་ཚད་མཐོ་རུ་འགྲོ་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-18

    གུང་ལ་ཕུག་ནང་ཕུན་སུམ་ཚོགས་པའི་རིགས་མང་པོ་འཚོ་རྒྱུ་འདུས་ཡོད་པ་དང་ལྷག་པར་དུ་འཚོ་རྒྱུ་ཀ་པ་འདུས་ཚད་ཧ་ཅང་མཐོ་པོ་ཡོད། གུང་ལ་ཕུག་བྱ་དེར་བསྟེར་ན་བྱ་སྒོང་གཏེར་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ།

    བྱ་དེར་སྟེར་སྐབས་གུང་ལ་ཕུག་གཙང་མ་བཀྲུས་ནས་ཞིབ་བཏུབ་བྱས་རྗེས་གཟན་ཆག་ནང་བསྲེས་ཏེ་བསྟེར་ན་འཐུས། ཚོད་ལྟ་བྱས་ནས་མངོན་པར་བྱ་དེའི་གཟན་ཆག་ནང་གུང་ལ་ཕུག་15%གཡས་གཡོན་ཁ་སྣོན་བྱས་ན་བྱ་དེའི་རྙིང་ཚབ་གསར་བརྗེར་སྐུལ་སྤེལ་ཐེབས་ནས་ནུས་ཚད་འགྱུར་བ་དང་སྒོ་ང་གཏོང་ཚད་ཚང་མར་ནུས་པ་ངེས་གཏན་ཞིག་ཐོན་གྱི་ཡོད་པ་མ་ཟད་གཟན་ཆག་བེད་སྤྱོད་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ་ཀྱི་ཡོད་པ་རེད། གུང་ལ་ཕུག་བྱ་དེར་བསྟེར་ན་སྒོ་ང་གཏོང་ཚད་མཐོ་རུ་འགྲོ་ཐུབ་པ་དང་སྒོ་ངའི་ལྗིད་ཚད་མཐོ་རུ་འགྲོ་ཐུབ་པ་མ་ཟད་ད་དུང་བྱ་དེའི་ལུས་པོ་དང་ནད་འགོག་ནུས་པ་མཐོ་རུ་འགྲོ་ཐུབ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།