དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ དགུན་དུས་སུ་ཁོངས་གཏོགས་ཁུལ་གྱི་ཕྲུ་གུར་སློབ་ཡོན་མི་དགོས་པར་ཟུར་ཁྲིད་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-03-18

    གྲོང་ཚོར(གྲོང་ལྷན)བཅའ་སྡོད་བྱས་པ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་བྱེད་རིང་མང་ཚོགས་མང་པོས་ཕྲུ་གུའི་སློབ་སྦྱོང་གི་སྐོར་གླེང་བ་ཤེས་རྟོགས་བྱུང་ཡོད།

    དེ་བས། ཁྲེང་ཀོན་ཆུས་སུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་དཀའ་གནད་དེ་ཐག་གཅོད་བྱ་རྒྱུའི་སེམས་ཐག་བཅད་ཅིང་། དཔལ་སྡིངས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ཁྲེང་ཀོན་ཆུས་ཀྱིས་མངགས)གིས་ཟླ་ཕྱེད་ཙམ་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ཁར་སྤྱི་ཚོགས་ཐོག་དགུང་སེང་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་བསྡུ་བའི་བརྡ་ཐོ་བཏང་རྗེས་གདན་ཞུ་དང་བླངས་བྱེད་མཁན་མང་པོ་བྱུང་ནས་མཐར་དཔལ་སྡིངས་སློབ་ཆུང་དུ་ཟབ་སྦྱོང་འཛིན་གྲྭ་བཙུགས། ཁྲེང་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཚེས་གསུམ་ཐང་སྡེ་ཁུལ་དང་ཉང་བྲན་ཤང་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་རྒྱབ་སྐྱོར་འོག་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་དང་སྦྲགས། ཟབ་སྦྱོང་གྲོན་དངུལ་སྒོར་19900བཏང་ནས་སྒྲོག་ཙེ་དང་རྐུབ་སྟེགས་སོགས་ཉོས་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་སློབ་སྦྱོང་ཡོ་བྱད་སོགས་ཀྱང་ཉོས་པ་རེད།

    རབ་གསལ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་དགེ་འོས་ཆེད་ཚན་སློབ་གྲྭས་མངགས)གིས་སློབ་གསོའི་ལས་དོན་གྱི་ལེགས་ཆར་བརྟེན་ནས། 2015ལོའི་ཟླ་12ཚེས་10ཉིན་ཟབ་སྦྱོང་འཛིན་གྲྭ་གཉེར་བར་སྡེ་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་8བསྡུས་ཡོད། རྔ་ཆེན་ཤང་དུ་བཅའ་སྡོད་ཁྲེང་ཀོན་ཆུས་ཀྱི་ལས་དོན་རུ་ཁག་གི་སློབ་ཆེན་སློབ་རྒྱུས་ལྡན་པའི་ལས་དོན་རུ་མི་3གྱིས་དགེ་རྒན་བྱས་ཏེ་2015ལོའི་ཟླ་12པར་ཟབ་སྦྱོང་འཛིན་གྲྭ་གཉེར་ནས། ཁྱིམ་ཚང་དབུལ་པོ་དང་ཁྱིམ་བདག་གི་རིག་གནས་ཆུ་ཚད་དམའ་ལ་ཟུར་ཁྲིད་ཀྱི་དགོས་མཁོ་ཡོད་པའི་སློབ་མ་26ལ་དགུང་གསེང་རིང་འོས་འགན་ཟུར་ཁྲིད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།