དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱིས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-03-18

    ཉེ་ཆར་ལྷ་ས་གྲོང་ཁྱེར་དུ་བྱེ་རླུང་ལྡང་བའི་གནམ་གཤིས་བསྟུད་མར་བསྟན་ནས་སྣོད་བཅུད་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་བརྟེན་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱིས་བདག་སྐྱོང་གཙང་སྦྲ་ཀུང་སི་དང་སྐྱེད་ཚལ་སྡེ་ཚན་གྱི་དོ་དམ་མི་སྣ་ཁག་ལ་ཁོངས་གཏོགས་ཁུལ་གྱི་སྤྱི་གླིང་དང་། ལྡུམ་ར། ལམ་དུམ། སྤང་བཅས་ལ་སྐོར་ཞིབ་བྱེད་ཐེངས་མང་དུ་གཏོང་བ་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཐོལ་བྱུང་གནས་ཚུལ་ཐོན་མ་ཐག་བྱ་སྤྱོད་སྤེལ་ཐུབ་པ་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བ་འགྲོ་སྐྱོད་བདེ་འཇགས་ཡོང་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཉེ་ཆར་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་སྐྱེད་ཚལ་སྡེ་ཚན་གྱི་དོ་དམ་མི་སྣས་པེ་ཅིང་དཀྱིལ་ལམ་དུ་སྐོར་ཞིབ་བྱེད་སྐབས། མཐོ་ཚད་སྨི་6ཙམ་ཟིན་པའི་སྦྱར་པའི་ཡལ་ག་རླུང་བུས་བཅགས་པ་ཤེས་རྟོགས་བྱུང་བ་དང་རྔ་ཆེན་ལམ་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཁ་སྤྲོད་དུ་མཐོ་ཚད་སྨི་7ཙམ་ཟིན་པའི་སྦྱར་པ་ཞིག་རླུང་བུས་བཅགས་པའི་གནས་ཚུལ་བརྡ་ཐོ་འབྱོར། དེ་རྗེས་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱིས་འཕྲལ་དུ་ཟོག་འདྲེན་རླངས་འཁོར་1དང་ལག་ཆ་འཁྱེར་བའི་ལས་དོན་མི་སྣ་6གནས་ཚུལ་ཐོན་ཡུལ་དུ་སྦྱར་པའི་ཡལ་ག་ཆག་རོ་གཙང་མ་བཟོ་བར་བཏང་ནས། ས་གནས་དེ་གའི་འགྲིམ་འགྲུལ་འཕྲལ་དུ་ཤར་གཏོང་ཐུབ་པར་བྱས་ཏེ་འགྲོ་འོང་མི་སྣའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།