དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལེགས་བཙའ་ལེགས་གསོ་བྱེད་རྒྱུ་དར་སྤེལ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-03-18

    མི་ཚང་མས་སོ་སོའི་ཕྲུ་གུ་སྤྱང་གྲུང་འཛོམས་ལ་བདེ་ཐང་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྐྱེ་དངོས་རིག་པའི་ཐོག་ནས་བཤད་ན་མི་གཅིག་གི་བདེ་ཐང་དང་སྤྱང་པོ། ནད་ཉུང་བ། ཚེ་རིང་བ་བཅས་ནི་གཟུགས་གཞི་ཐང་པོ་ཡོད་པའི་མངོན་ཚུལ་ཞིག་ཡིན། དེ་ལས་ལྡོག་སྟེ་ལུས་སྟོབས་ཞན་པ་དང་ཚོར་བ་བརྟུལ་བ། ནད་མང་བ། ཚེ་ཐུང་བ་བཅས་ནི་གཟུགས་གཞི་ཐང་པོ་མེད་པའི་མངོན་ཚུལ་ཞིག་ཡིན་ཞིང་ཕྱིས་ཀྱི་ལུས་རྩལ་སྦྱོང་བརྡར་དང་། བཟའ་བཏུང་གི་འཚོ་བཅུད། རིག་གནས་སློབ་གསོ་བཅས་ཀྱང་ཧ་ཅང་གལ་ཆེ། འོན་ཀྱང་རྒྱུད་འཛིན་དང་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་གྱི་གལ་ཆེའི་ནུས་པ་ཐོན་པ་མ་ཟད། སྐབས་རེ་ཐ་ན་གཏན་འཁེལ་གྱི་ནུས་པ་ཡང་ཐོན་གྱི་ཡོད།

    ལེགས་བཙའི་རིག་པ་ནི་མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཚན་རིག་གསར་དར་ཞིག་ཡིན་ཞིང་། དེས་མི་སྒེར་དང་། ཁྱིམ་ཚང་། མི་རིགས་ཙམ་མ་ཟད་འགྲོ་བ་མིའི་རིགས་ཁྱོན་ཡོངས་ལ་དངོས་ཡོད་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྒྱུད་འཛིན་ནད་རིགས་དང་ལྷན་སྐྱེས་ནད་རིགས་ཀྱིས་བཟོས་པའི་ཚེ་སྲོག་གི་ཆད་སྐྱོན་དང་འཕྲོ་བརླག་གཏོང་ཚད་དེ་ཧང་སངས་དགོས་པ་ཞིག་རེད། རྒྱུད་འཛིན་གྱི་ནད་ལ་རིགས་༣༠༠༠ལྷག་ཙམ་ཡོད་པ་དང་དེ་ཚོས་མི་ཁྲི་ཕྲག་མང་པོའི་བདེ་ཐང་ལ་འཇིག་ཉེན་བཟོ་བཞིན་ཡོད་པ་མ་ཟད། ཕྱི་རབས་བུ་ཚའི་བདེ་ཐང་ལའང་གནོད་འཚེ་གཏོང་གི་ཡོད། ལྷན་སྐྱེས་རང་བཞིན་གྱི་རྒྱུན་གཏན་མིན་པ་ནི་ཕྲུ་གུར་འཆི་སྐྱོན་བཟོ་བའི་ཐོག་མའི་རྒྱུ་རྐྱེན་ཡིན་ཞིང་། འཛམ་གླིང་ཁྱོན་ཡོངས་སུ་ལྷན་སྐྱེས་རང་བཞིན་གྱི་གླེན་ནད་ཕོག་པའི་ཕྲུ་གུ་ཁྲི་བརྒྱ་ཕྲག་ལྷག་ཟིན་གྱི་ཡོད། དེ་དང་ཆབས་ཅིག་མིའི་གཟུགས་པོའི་དབང་པོའི་མ་ལག་ཁག་དང་གྲུབ་ཚུལ་ཚང་མར་རྒྱུད་འཛིན་རང་བཞིན་གྱི་ནད་དང་ཆད་སྐྱོན་ཕོག་སྲིད་པ་སྟེ། ལག་པའི་མཛུབ་མོ་ནས་སྙིང་ཁ་དང་། ལྤགས་པ་ནས་རུས་པའི་བར་ཚང་མར་རྒྱུད་འཛིན་རང་བཞིན་གྱི་ནད་དང་ཆད་སྐྱོན་ཕོག་གི་ཡོད།

    ཚབས་ཆེའི་རྒྱུད་འཛིན་ནད་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་ཚང་མར་གནོད་སྐྱོན་བཟོ་གི་ཡོད། ལྷན་སྐྱེས་གླེན་ལྐུགས་ཀྱི་ཕྲུ་གུ་ཞིག་ལ་ཆ་བཞག་ན། དེས་ཁྱིམ་ཚང་གི་ཁུར་པོ་ལྕི་རུ་གཏོང་བ་དང་ཕ་མ་གཉིས་པོར་སྡུག་བསྔལ་བཟོ་བ་མ་ཟད་སྤྱི་ཚོགས་ཀྱི་འཁུར་པོ་ཡང་ལྕི་རུ་གཏོང་གི་ཡོད། དེར་བརྟེན་ལྷན་སྐྱེས་རང་བཞིན་གྱི་ཕྲུ་གུ་རྒྱུན་གཏན་མིན་པའི་ནད་རིགས་སྔོན་འགོག་དང་ཤེས་རྟོགས་བྱས་ཏེ་རྒྱུད་འཛིན་ནད་རིགས་རྒྱུན་མཐུད་བྱེད་རྒྱུ་གླ་ཕོགས་བསྡོམས་གྲངས་པར་བཟོས་ནས་ལེགས་བཙའ་ལེགས་གསོ་དར་སྤེལ་གཏོང་རྒྱུ་ནི་གལ་འགངས་ཧ་ཅང་ཆེའོ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།