དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཛའ་གླུ་རྣ་བའི་བུ་རམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-16

    ལ་མོའི་བརྒྱབ་ཀྱི་ཆུ་དེ། །

    ཟངས་སྐྱོག་དམར་པོས་གཅུས་སོང་། །

    རྩིད་པས་སྒྲོག་པའི་ཟ་རུར། །

    ལས་འགྲོ་མེད་པ་ཨེ་ཡིན། །

    སེམས་པ་ཕར་ཤོར་མེད་པའི། །

    ཚུར་ཤོར་ཧམ་པ་ཚ་བ། །

    ཤ་འབྱར་ལུས་འདྲེས་མེད་པར། །

    མི་ཡི་ཧམ་པ་ཚ་ལ། །

    ལྕང་གླིང་ཤར་གྱི་བྱིའུ་ཆུང་། །

    ལྕང་གླིང་ནུབ་ལ་མ་ཕེབས། །

    གསུང་ལ་འདྲེས་པོ་བྱུང་ན། །

    ཕར་སྐད་ཚུར་སྐད་ཞུས་ཆོག །

    ཆུང་འདྲིས་བྱམས་པའི་དོན་ལ། །

    སྡུག་པོ་ཕྱི་སྡུག་ནང་སྡུག །

    ཕྱི་སྡུག་ལས་ལ་བསྐོས་སོང་། །

    ནང་སྡུག་བཞོག་རོགས་གནང་དང་། །

    གུང་ཐང་མེ་ཏོག་མཆོད་པ། །

    མཇལ་འདོད་བློ་ལ་འདུག་སྟེ། །

    ལྷ་གདོང་ཤན་ཁའི་མཉན་པས། །

    ཀོ་གྲུ་གཏོང་གི་མི་འདུག །

    མནའ་མ་ལགས་དང་དྲག་ཀ །

    མངའ་རིས་གཞུང་ལ་ཕེབས་ཆོག །

    སྡུག་ན་བུ་མོ་སྡུག་ཀ །

    འོད་ཟེར་སྒྲོལ་མ་སྡུག་ཀ །

    པང་གདན་འཇའ་ཆེན་ཞིག་ལ། །

    སྒྲོགས་གདན་ཁམ་བུའི་མེ་ཏོག །

    ཕོ་བརྒྱ་སེམས་པ་ཤོར་སོང་། །

    མོ་བརྒྱ་སྙིང་རླུང་ལངས་སོང་། །

    སེ་བ་དམར་པོའི་འོག་ཏུ། །

    མ་ཉལ་ཞུ་རྒྱུ་མེད་ཀྱང་། །

    སེའུ་འབྲུ་མ་བཟས་ཟེར་དང་། །

    དབུ་མནའ་འཕེར་བ་ཡོད་དམ། །

    ཤྭ་བ་ཤ་ཁྱིས་དེད་ནས། །

    སྤང་རྩྭ་བཟའ་ལོང་མ་བྱུང་། །

    བྱམས་པ་ལས་འཕྲོས་དེད་དེ། །

    ཡག་ཉེས་ལྟ་ལོང་མ་བྱུང་། །

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།