དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞབས་བྲོ་རྡོག་སྒྲ་སྒྲིག་སོང་། ལུས་ཁམས་སྔར་ལས་བདེ་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་དབང་གིས་གནས་ཚུལ་འགོད་སྤེལ་བྱས།   |     སྤེལ་དུས།  2016-03-09

    972821358.jpg

    འདི་ནི་རྫོང་རྒྱབ་ཀླུ་ཁང་དུ་རྒན་དར་གཞོན་གསུམ་གྱིས་འཁྲུག་ཆ་དོད་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་སྒོར་ཆས་འཁྲབ་བཞིན་པའི་རྣམ་པ་ཡིན་པ།

    ཞོགས་པའི་ཉི་གཞོན་གངས་ལྗོངས་ས་མཐོར་ཤར་བའི་མཚམས་སུ་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་བོད་མི་རིགས་རྣམས་ཀྱང་རང་ར་ང་གི་ལས་ལ་བྲེལ། ལྒང་ཞུ་དམར་པོས་མཛེས་པར་རྒྱན་པའི་རྫོང་རྒྱབ་ཀླུ་ཁང་དུའང་ཁམ་བུའི་མེ་ཏོག་གཅིག་རྗེས་གཉིས་མཐུད་ངང་ནས་བཞད་འགོ་ཚུགས། དཔྱིད་དུས་ནི་མི་རྣམས་ལ་རེ་བ་སྦྱིན་པའི་དུས་ཚིགས་ཤིག་ཡིན་པས་མི་རྣམས་ཀྱི་ལས་ཀ་དང་འཚོ་བ་གང་སྤྱིའི་ཐད་ནས་གསོན་ཤུགས་སྦྱིན་པའི་དུས་ཚིགས་ཤིག་ཡིན་པ་སྨོད་མི་དགོས། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ་རྒན་དར་གཞོན་གསུམ་མ་གྲོས་གཅིག་མཐུན་ངང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་འཁྲབ་འགོ་ཚུགས།  རྒན་རྒོན་ཞིག་གིས་བརྗོད་དོན། ཞོགས་ལྟར་ལུས་སྦྱོང་དང་སྦྲགས་ནག་ཆུའི་སྒོར་གཞས་འཁྲབ་པ་དེ་ནི་ངའི་ཉིན་གཅིག་གི་གལ་ཆེའི་གྲུབ་ཆ་ཞིག་ཏུ་འགྱུར་ཡོད་ལ། དེར་ཕེབས་པའི་མི་མང་པོས་ཀྱང་ཉིན་ལྟར་རེ་སྒུག་ཆེན་པོ་གནང་གི་ཡོད། ཞོགས་ལྟར་དྲོད་འཇམ་གྱི་ཉི་འོད་འོག་སྣང་བ་སྐྱིད་པའི་སྒོར་གཞས་འཁྲབ་ནས་ལུས་ཁམས་བདེ་བའི་འཚོ་བ་སྐྱེལ་སྟངས་དེའང་བོད་མི་རིགས་ཀྱིས་འཚོ་བར་བཟུང་བའི་རྣམ་འགྱུར་ཞིག་ཡིན་པ་གདོན་མི་ཟ།

    未标题-1.jpg

    འདི་ནི་ལྷ་སའི་སྒོ་ར་ཞིག་གི་ནང་དུ་ཁམ་བུའི་མེ་ཏོག་བཞད་ཡོད་པའི་རྣམ་པ་ཡིན་པ།

    བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མི་རྣམས་ཀྱི་ལུས་ཁམས་བདེ་ཐང་ལ་དོ་འཁུར་ཆེན་པོ་གནང་ཡོད། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་ཀྱང་བྱེད་སྒོ་སྣ་ཚོགས་དང་སྲིད་ཇུས་སྣ་ཚོགས་བཏོན་ཡོད།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས་རི་འཛེགས་བྱེད་སྒོ་དང་། ལོ་ལྟར་གྱི་རྒྱལ་དམངས་ཉིན་མོར་བྱེད་སྒོ་སྣ་ཚོགས་སྤེལ་བ། དེས་མ་ཟད་ལྷ་སར་ན་གཞོན་གྱི་རྐང་རྩེད་སྤོ་ལོ་དང་། ས་ཁུལ་ཁག་གི་ལག་རྩེད་སྤོ་ལོའི་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་ཀྱིས་མི་རྣམས་ཀྱི་བདེ་ཐང་ལ་དོ་སྣང་དང་ཐུགས་འཁུར་ཆེན་པོ་གནང་བ་དེ་ཟུར་བསྟན་ལེབ་མཐོང་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།