མིག་སྔར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དང་། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་།བོད་རང་སྐྱོང་ལྗོངས་རྟ་རྒྱུག་ཐང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་། ནག་ཆུ་ས་གནས་རྟ་རྒྱུག་ཐང་བཅས་ལྔ་ལུས་རྩལ་ཐང་ངམ་ལུས་རྩལ་ཁང་རིན་མེད་དམ་གོང་ཆུང་བའི་ཐོག་ནས་སྒོ་ཕྱེད་རྒྱུ།
འདི་ནི་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཡིན་པ།
སྒོ་ཕྱེད་པའི་དམིགས་ཡུལ། མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་ཀྱི་དགོས་མཁོ་སྐོང་ཐུབ་ཆེད།
བོད་ཀྱི་རིན་མེད་དམ་པ་སེ་གོང་ཆུང་བའི་ཐོག་ནས་སྒོ་ཕྱེད་པའི་ལུས་རྩལ་ཐང་ངམ་ལུས་རྩལ་ཁང་ལྔ་ནི་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལུས་རྩལ་ཐང་གི་སྡོད་ས་20052 ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་སྡོད་ས་4229 བོད་རང་སྐྱོང་ལྗོངས་རྟ་རྒྱུག་ཐང་གི་སྡོད་ས་20000 བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་གི་སྡོད་ས་3400 དེ་བཞིན་ནག་ཆུ་ས་གནས་རྟ་རྒྱུག་ཐང་གི་སྡོད་ས25000བཅས་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལུས་རྩལ་ཐང་ངམ་ལུས་རྩལ་ཁང་ཆེ་གྲས་རིན་མེད་དམ་པ་སེ་གོང་ཆུང་བའི་ཐོག་ནས་སྒོ་ཕྱེད་པའི་དམིགས་ཡུལ་ནི་ལུས་རྩལ་ཁང་ངམ་ལུས་རྩལ་ཐང་ཆེ་གྲས་ཀྱི་ལས་གཉེར་དོ་དམ་ནུས་པ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕེལ་བའི་ལུས་རྩལ་དང་ལུས་སྦྱོང་གི་དགོས་མཁོ་སྐོང་ཐུབ་ཆེད་ཡིན་ཞེས་བཤད།
གུང་གསེང་དུས་སུ་ཉིན་ལྟར་སྒོ་ཕྱེད་པའི་དུས་ཚོད་ཉུང་མཐར་ཡང་ཆུ་ཚོད་8ཡོད་པ།
འབྲེལ་ཡོད་ཀྱི་གཏན་འབེབས་བཞིན། གཟའ་འཁོར་རེར་སྒོ་ཕྱེད་པའི་དུས་ཚོད་ཉུང་མཐར་ཡང་ཆུ་ཚོད་35ཡོད་པ་དང་། ལོ་གཅིག་ལ་སྒོ་ཕྱེད་པའི་དུས་ཚོད་ཉུང་མཐར་ཉིན་330ཡོད་པ། གཟའ་མཇུག་དང་ཁྲིམས་མཐུན་གྱི་ངལ་གསོའི་དུས། སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་བཅས་སུ་ཉིན་ལྟར་ཉུང་མཐར་ཡང་ཆུ་ཚོད་8སྒོ་ཕྱེད་པ། ལུས་རྩལ་ཁང་ངམ་ལུས་རྩལ་ཐང་ཆེ་གྲས་ཁོངས་གཏོགས་ཀྱི་སྤྱི་པའི་ཁྱབ་ཁོངས་དང་ལུས་སྦྱོང་ཡོ་བྱད་ལོ་འཁོར་མོར་རིན་མེད་ངང་ནས་སྒོ་ཕྱེད་རྒྱུ། ཉིན་ལྟར་སྒོ་ཕྱེད་པའི་དུས་ཚོད་ཉུང་མཐར་ཡང་ཆུ་ཚོད་12ཡོད་པ། དེ་བཞིན་སློབ་མ་དང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ལ་རིན་མེད་དམ་པ་སེ་གོང་ཁེ་པོའི་ངང་ནས་སྒོ་ཕྱེད་རྒྱུ། ལུས་རྩལ་ཁང་དང་ལུས་རྩལ་ཐང་ཆེ་གྲས་ཁག་རྒྱལ་དམངས་ལུས་སྦྱོང་ཉིན་མོར་རིན་མེད་ཐོག་ནས་སྒོ་ཕྱེད་རྒྱུ་ཡིན་པ། དེས་མ་ཟད་ལུས་རྩལ་ཁང་དང་ལུས་རྩལ་ཐང་ཁག་བཟོ་བཅོས་དང་ཉམས་གསོ། སྦྱོང་བརྡར། འགྲན་བསྡུར་བཅས་རྒྱུ་རྐྱེན་གྱིས་སྤྱི་ཚོགས་ཐོག་སྒོ་ཕྱེད་མ་ཐུབ་པའམ་སྒོ་ཕྱེད་པའི་དུས་ཚོད་ལ་འགྱུར་བ་བྱུང་ཚེ་ཉིན་7གོང་ནས་སྤྱི་ཚོགས་ཐོག་སྤྱི་བསྒྲགས་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་ལས་དོན་མི་སྣས་བཤད་དོན། ལུས་རྩལ་ཁང་ངམ་ལུས་རྩལ་ཐང་ཆེ་གྲས་ཀྱིས་ལོ་ལྟར་རིན་མེད་ཐོག་མང་ཚོགས་ལ་སྤྱི་པའི་ལུས་རྩལ་ཞབས་ཞུ་ཁག་4མཁོ་འདོན་བྱ་རྒྱུ་སྟེ། སྤྱི་ཕན་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཉུང་མཐར་ཡང་ཐེངས་4སྤེལ་རྒྱུ་ཡིན་པ། ལུས་རྩལ་གྱི་འཆད་འཁྲིད་དང་འགྲེམས་སྟོན་སོགས་ཐེངས་4སྤེལ་རྒྱུ། ལུས་རྩལ་ལུས་སྦྱོང་གི་ལག་རྩལ་གསོ་སྦྱོང་སོགས་ཉུང་མཐར་ཡང་མི་ཐེངས་10000ཡོད་པ། རྒྱལ་དམངས་གཟུགས་གཞི་ཚད་ལེན་ཚོད་ལྟ་ཉུང་མཐར་མི་ཐེངས་30000ཡོད་པ།