དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆུ་ཚན་གྱིས་བཅོས་ཐུབ་པའི་ནད་གཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-08

    བོད་ལུགས་གསོ་རིག་ལས་ཆུ་ལུམས་ཀྱི་བཅོས་ཐབས་ཁོངས་སུ་རང་བྱུང་ཆུ་ཚན་དང་། བཅོས་མའི་ལུམས་ཁག་གཉིས་ཡོད། ཆུ་ཚན་ནམ་ཆུ་ལུམས་རྒྱག་པའི་ཐབས་ཤེས་དེས། དྲེག་གྲུམ་དང་རྐང་འབམ་ནད་མཇུག་སོགས་ཀྱིས་ཆུ་རྒྱུས་རེངས་ཁུམས་ཆགས་པ་དང་། རུས་ཚིགས་སྦོས་སྐྲངས་ཆགས་པ། གྲིབ་སྐྱོན་རྩ་དཀར་རིགས་ཀྱིས་ཡན་ལག་ཞ་བ། ཤ་སྒྲིམ་ཉམས་རྒུད་དུ་གྱུར་པ། རྩ་ལ་ཚ་བ་བྱེར་ནས་འབུར་འཁྱོག་ཆགས་པ། རྐེད་རྩ་འཆུས་པ། ཤ་བཀྲ་སོགས་པགས་ནད་ཆུ་སེར་གྱི་ནད། རྨ་རྙིང་པ་དང་། རྨ་འབྲས། དོན་སྣོད་ཀྱི་སུར་ཡ། དུག་གི་ནད་རོ། རླུང་གི་སྐྲངས་སྦོས། དེ་མིན་པགས་མདངས་ཉམས་པ་དང་། པགས་པ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་རིགས་ལ་ཕན་ནུས་མངོན་གསལ་དོད་པ་དང་སྟབས་བདེ་བའི་ཁྱད་ཆོས་ཡོད་པ་རེད། འོན་ཀྱང་རིམས་ཚད་དང་། འཁྲུགས་ཚད། རྒྱས་ཚད། སྦྲུམ་མ། ཁྲག་ཤེད་མཐོ་བ། སྙིང་གི་ནད་བཅས་ཀྱི་རིགས་ལ་ལུམས་དང་ཆུ་ཚན་རྒྱག་རྒྱུ་མེད་ལ། རང་ངོས་ཀྱིས་ནད་རྟགས་ནད་ངོ་མ་ཆོད་པ་དང་སྨན་པའི་བཀའ་དང་མ་བསྟུན་པར་འོལ་ཚོད་ཀྱིས་ཆུ་ཚན་རྒྱག་རྒྱུ་མེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།