དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔྱིད་དུས་ཀྱི་ཟས་སྐོམ་དང་སྤྱོད་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-03

    དེང་དུས་ཀྱི་བདེ་སྲུང་ཟས་སྐོམ་ཁྲོད་དུ། དུས་བཞིའི་དབྱེ་བ་དང་བསྟུན་ནས་ངོ་བོའི་ཁྱད་པར་དབང་གི་ཟས་སྐོམ་སྣེ་ཁ་མི་འདྲ་བ་དང་། ཡང་ན་མི་ལུས་ཀྱི་སྤྱོད་ལམ་དྲག་དལ་སོགས་སྣ་ཚོགས་ལ་ཁྲིད་སྟོན་རང་བཞིན་གྱི་ཆ་འཕྲིན་མང་པོ་ཆར་རྗེས་ཀྱི་སྨྱུག་གསར་བཞིན་དུ་ཐོན་འོང་གི་ཡོད། ཡིན་ནའང་ང་ཚོས་ཡུལ་ཕྱོགས་དང་ས་ཁམས་རང་བཞིན་གང་ཅིར་མནོ་བསམ་བསྐོར་ནས་བསྡུར་བ་བྱེད་རྒྱུ་གལ་ཆེ་ལ། ཆ་འཕྲིན་ཡོད་དོ་ཅོག་ནི་བདེན་པ་ཉག་ཅིག་ཏུ་འཛིན་པའི་བསམ་བློ་ཡང་དོར་དགོས།

    ལོ་ངོ་སྟོང་ཕྲག་གི་ཉམས་མྱོང་དང་ལག་ལེན་ཁྲོད་ནས་གྲུབ་པའི་བོད་ལུགས་གསོ་རིག་གི་གཞུང་ལུགས་ནང་དུ་སྟོན་པར། དཔྱིད་དུས་ཕྱི་རོལ་དུ་ཉི་འོད་རིམ་བཞིན་དྲོ་རུ་འགྲོ་བས། མི་ལུས་ཀྱི་མེ་དྲོད་ཉམས་ནས་བད་ཀན་ལྡང་བས། ཁ་ཟས་རོ་ཁ་བ་དང་བསྐ་བའི་རིགས་དང་། ནས་རྙིང་དང་སྐམ་སའི་ཤ། སྦྲང་རྩི། ཆུ་ཁོལ། སྒ་ཐང་སོགས་ནུས་པ་རྩུབ་པའི་རིགས་བསྟེན་པར་བྱ་ཞེས་ཤས་ཆེ་བའི་ཆ་ནས་གསུངས་ཡོད་ཀྱང་། ད་དུང་རང་ལུས་ཀྱི་འཇུ་སྟོབས་དང་ཁྱད་ཆོས་ལ་ཡང་བསྟུན་དགོས་པ་ཡིན་ནོ། ཡང་སྤྱོད་ལམ་གྱི་ནང་དུ་དཔྱིད་དུས་རྩོལ་བཅག་རན་པར་བྱ་ཞིང་། ལུས་ལ་ཏིལ་སྣུམ་གྱི་བྱུགས་པ་རྒྱབ་ནས་དྲིལ་ཕྱིས་བྱེད་པ། དྲི་ཞིམ་སྐྱེད་མོས་ཚལ་གྱི་ཉི་གྲིབ་ལ་སྤྲོ་གསེང་བྱེད་པ་སོགས་ལེགས་ཞེས་གསུངས་ཡོད། གཞན་མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དཔྱིད་གཉིས་ཀྱི་དུས་སུ་རྩོལ་སྤྱད་བྱ་ཞིང་། ལྷག་པར་དུ་བད་ཀན་ཅན་གྱི་མིས་རྩོལ་བཅག་འབད་པས་བསྟེན་པར་བྱ་དགོས་ཞེས་དཔལ་མཆོག་གིས་སྨན་གཞུང་ལས་བཏུས་པ་དེ་བཞིན་སྐྱེ་འགྲོའི་གསོས་སུ་སྨིན་གྱུར་ཅིག

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།