གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཁག་དང་པོའི《2016ལོ་ནས་2020ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང(ཆུས)གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། རང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཁུལ་ཚུད་པའི་རྫོང(ཆུས) 7མིང་ཐོའི་ནང་ཡོད་པ་དང་དཔེ་སྟོན་དུས་ཚོད་ནི་ལོ་ལྔ་ཡིན་པ་རེད།
རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁག་དང་པོའི་2016ལོ་ནས་2020ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གཏོད་པའི་ལས་དོན་2014ལོའི་ལོ་མཇུག་ནས་བཟུང་དངོས་སུ་སྤེལ་འགོ་ཚུགས་པ་དང་། གཞི་རིམ་གྱི་ཚན་རྩལ་ཁྱབ་སྤེལ་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་བྱ་སྤྱོད་འཆར་གཞིའི་རྩ་དོན(2006-2010-2020ལོ)》དང་རྫོང་ཁོངས་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་བཅས་རྫོང(ཆུས)7རང་ལྗོངས་ཀྱི་ཁག་དང་པོའི“2016ལོ་ནས་2020ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང( ཆུས)”ཡིན་པ་རེད།