དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-02

    ཚེས་29ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་དང་དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་འབྲུ་རིགས་འཁོར་རྒྱུག་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ། འབྲུ་ཚོང་མང་བའི་དུད་ཚང་ལ་གཟེངས་བསྟོད། “ལོ་ལྔ་ཚན་གསུམ་པའི”རིང་དང་2016ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་འབྲུ་རིགས་ཁོངས་གཏོགས་ཀྱིས་ངོས་འཛིན་མཐོར་གཏོང་དང་བསམ་བློ་གཅིག་གྱུར་བྱས་ཏེ་འབྲུ་རིགས་འཁོར་རྒྱུག་ལས་དོན་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་སྟངས་འཛིན་བྱེད་པ་དང་། སྡེ་ཚན་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱུན་རྣམ་གསར་པར་ཁྲིད་སྟོན་ཏན་ཏིག་དང་། འདུ་ཤེས་གསར་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གོ་སྐབས་གསར་པ་སྟངས་འཛིན་ཡང་དག་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་གཙོ་ཐིག་དེར་དམ་འཛིན་ནན་པོ་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་འབྲུ་རིགས་ལས་དོན་བཅོས་སྒྲིག་ལ་སྐུལ་མ་གཏོང་བའི་འགག་རྩ་གཉིས་པོ་སྟངས་འཛིན་ནན་པོ་བྱེད་པ། སྲིད་གཞུང་གི་སྙོམས་སྒྲིག་དང་། འབྲུ་རིགས་འཁོར་རྒྱུག་དང་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་འདུ་ཤེས་གསར་པའི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འབྲུ་རིགས་འཁོར་རྒྱུག་གི་འཕེལ་རྒྱས་གསར་པར་སྣེ་ཁྲིད་དང་། སྒྲིག་ཁྲིམས་ནན་སྲུང་དང་སྤྱོད་ཚུལ་ལེགས་སུ་བཏང་ཐོག་འབྲུ་རིགས་འཁོར་རྒྱུག་གི་ལས་དོན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་ཐུབ་པ་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།