བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་ལེགས་གཏོད་གྲུབ་འབྲས་འགྲེམས་སྟོན་གཟབ་རྒྱས་ངང་སྤེལ་འགོ་ཚུགས་ཤིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་ཟོག དྲ་སྦྲེལ་གྱི་གསར་དར་ཐོན་ལས་བཅས་གཅིག་ཏུ་བསྡུས་པ་དེ་དག་ཚང་མ་ནི་རང་ལྗོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་གཏོད་རྣམ་གྲངས་ཡིན་པ་དེའི་ཁྲོད་མི་རིགས་ཁག་གི་གཞོན་ནུའི་ལང་ཚོ་དང་། བློ་གྲོས། དུས་རབས་ཀྱི་འགན་འཁྲི་བཅས་འདུས་པ་དེ་ཐོག་ནས་བློ་རྩ་བརྟན་པོས་ཡར་རྒྱས་ལྷུར་ལེན་དང་། གསར་གཏོད་བྱེད་ཕོད་པ། ལེགས་གཏོད་ཧུར་ཐག་བྱེད་པ་བཅས་ཀྱི་རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་ལང་ཚོའི་ཉམས་འགྱུར་གང་ལེགས་མཚོན་ཡོད། འགྲེམས་ཁང་གི་ཇུས་འགོད་དཔེ་གསར་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་རྒྱ་ཆེའི་གྲོང་མི་རྣམས་ལྟ་སྐོར་དང་ཟོག་ཉོ་ཉམས་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ངང་ཕེབས་སྒུག་ཞུ་རྒྱུ་ཡིན།
(འགྲེམས་སྟོན་བྱེད་རིང་དངོས་ཟོག་ཉོ་བར་ཕེབས་ཕྱིན་དངུལ་འབོར་ལ་མ་བལྟོས་པར་ཚང་མ་བྱ་དགའ་འཐེན་པའི་བྱེད་སྒོའི་ནང་ཞུགས་ཆོག)
སྒོ་ཕྱེ་བའི་དུས་ཚོད། 2016ལོའི་ཟླ་2ཚེས་27ཉིན་ནས་ཟླ་3ཚེས་4ཉིན་བར་གྱི་ཉིན་ལྟར་ཆུ་ཚོད་9∶30ནས་ཆུ་ཚོད་18∶00བར་ཡིན།
ས་གནས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒོ་རའི་ནང(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་བུ་གླིང་ཁ་ལམ་ཨང་25)ཡིན།
གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།
2016ལོའི་ཟླ་2པར།