དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • པད་ཁའི་ལོ་མའི་ཐོག་ཚ་ལའི་ལུད་རྒྱག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-02-29

    10_1153288_e65300199429910.jpg

    པད་ཁའི་ལོ་ངོས་སུ་ཚ་ལ་གཏོར་ན་ལུད་གྲོན་ཆུང་བྱེད་ཐུབ་པ་མ་ཟད་ད་དུང་པད་ཁའི་སྐྱེས་འཚར་དུས་ཁག་སོ་སོར་ཚ་ལ་མཁོ་བའི་ཁྱད་ཆོས་ལ་གཞིགས་ནས་ནུས་ལྡན་གྱི་སྙོམ་སྒྲིག་བྱེད་ཐུབ། ཚ་ལ་གཏོར་བའི་དུས་ཚོད་འཚམ་ཤོས་ནི་མྱུ་གུའི་དུས་མཇུག་ (མེ་ཏོག་མཆེ་བ་དབྱེ་ཕྲལ་བྱེད་པའི་སྔ་རྗེས་སུ) དང་སྙེ་མ་འདོགས་པའི་དུས(  སྙེ་མའི་མཐོ་ཚད་ལིའི་སྨི་15-30 ཡིན)ཅིང་ཐེངས་གཉིས་ལ་དབྱེ་ནས་གཏོར་དགོས་ཤིང་མུའུ་རེར་ཐེངས་རེ་ལ་ཚ་ལ་ཁེ་100-150 (སྔོན་ལ་ཆུ་ཚ་པོ་ཕྲན་བུ་བླུགས་ཏེ་བཞུ་དགོས)ལ་ཆུ་དྭངས་གཙང་ཆན་ཁེ་50བསྲེས་ཏེ་གཏོར་དགོས། གཞན་ཡང་ནུས་ལྡན་ངང་པད་ཁའི་འབྲས་བུ་འདོགས་ཚད་མཐོ་རུ་གཏོང་ཆེད་ཡག་ཤོས་བྱུང་ན་མུའུ་རེར་ལིན་སྐྱུར་ཨར་ཆིང་ཅྰ་ཟུང་འབྲེལ་བྱས་ཏེ་གཏོར་བ་དང་ལྷག་པར་དུ་སྐྱེ་འཚར་ཞན་པར་དེ་བས་གལ་ཆེ་བ་ཞིག་ཡོད། མེ་ཏོག་ཐོག་མ་བཞད་པའི་སྐབས་ཚ་ལ་མི་ལྡེང་བའི་ནད་རྟགས་ལ་གཞིགས་ནས་རམ་འདེགས་རང་བཞིན་གྱི་ཚ་ལ་གཏོར་བའི་བྱ་ཐབས་སྤྱད་དེ་མུའུ་རེར་ཐེངས་རེ་ལ་ཚ་ལ་ཁེ་50-100ཆུ་ཆན་ཁེ་80-100བསྲེས་ཏེ་གཏོར་ན་འཚམ། གནམ་དྭངས་བའི་ཞོགས་པ་ཆུ་ཚོད་10པའི་གོང་དང་ཕྱི་དྲོའི་ཆུ་ཚོད་4པའི་རྗེས་གཏོར་ན་ནུས་པཐོན་ཆེ་བ་ཡོད་ཅིང་ལོ་མའི་ངོས་སུ་ཆགས་ནས་ཐིགས་པ་མ་བརྒྱབ་བར་གཏོར་དགོས། ཚ་ལ་གཏོར་སྐབས་ཆར་པ་འབབ་ན་ཡང་བསྐྱར་གཏོར་དགོས།     བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།