དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྱུགས་སྨན་རྫུས་མ་དང་ངོ་བོ་གྱུར་པའི་རིགས་དབྱེ་བ་འབྱེད་ཐབས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-02-29

    ཕྱུགས་སྨན་རྫུས་མ་དང་ངོ་བོ་འགྱུར་བའི་རིགས་ཉོ་ཉེས་ཤོར་བ་ནི་གྲོང་གསེབ་དང་འབྲོག་ཕྱོགས་ས་ཆར་རྒྱུན་དུ་མཐོང་རྒྱུ་ཡོད། ཕྱུགས་སྨན་དེ་རིགས་བཀོལ་སྤྱོད་བྱས་རྗེས་སྒོ་ཕྱུགས་ཀྱི་ནད་དྲག་རྒྱུ་ལྟ་ཅི། ཐ་ན་དུག་ཕོག་པའི་ཆག་སྒོ་འབྱུང་སྲིད། ཕྱུགས་སྨན་རྫུས་མ་དང་ངོ་བོ་འགྱུར་བའི་རིགས་དབྱེ་བ་འབྱེད་སྐབས་གཅིག་ནས་ཕྱི་ཚུལ་ལ་བལྟ་དགོས། ཁབ་སྨན་དང་བྱུག་སྨན་གང་ཡིན་རུང་། ཧ་ལམ་མདོག་གྱུར་ཡོད་པ་དང་། སྨན་ཁབ་ལ་ཞུན་ཐིགས་དང་སྙིགས་མ་ཆགས་པའམ་ལྷད་རྫས་ཡོད་ན། ཚང་མ་ངོ་བོ་འགྱུར་བའི་སྨན་རྫས་ཡིན་པས་བེད་སྤྱོད་བྱེད་མི་རུང་། གཉིས་ནས་ཐུམ་ཤོག་སྟེང་དུ་ཆོག་མཆན་བཀོད་པའི་ཨང་གྲངས་བཀོད་ཡོད་མེད་ལ་བལྟ་དགོས། ཞིང་ཆེན་རིམ་པའི་ཕྱུགས་ལས་སྡེ་ཚན་གྱིས་དངོས་སུ་ཆོག་མཆན་བཀོད་པའི་ཨང་གྲངས་མེད་པའི་སྨན་རྫས་རིགས་བེད་སྤྱོད་བྱེད་མི་རུང་། གསུམ་ནས་ཕྱུགས་སྨན་སྨན་རྫས་ཐོག་ཏུ་ཕྱུགས་རིགས་ལ་བཀོལ་རུང་བའི་ཡི་གེ་དཔར་ཡོད་མེད་ལ་བལྟ་དགོས། མིས་སྤྱོད་པའི་སྨན་ཡིན་རུང་། སྤུས་ཚད་ཚད་གཞི་དང་མཐུན་མེད་ཚེ་ཕྱུགས་རིགས་ལ་ཡང་བེད་སྤྱོད་བྱེད་མི་རུང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།