དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་དུ་ཁ་པར་བེད་སྤྱོད་བྱེད་མཁན་ཁྲི་ཚོ300ལས་བརྒལ་བ།

  • ཡོང་ཁུངས།  ​ བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-02-22

    གསར་འགོད་པས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་དུས་མཇུག་ཏུ་རང་ལྗོངས་ཀྱི་ཁ་པར་བེད་སྤྱོད་བྱེད་མཁན་ཁྲི་ཚོ ༣༠༦ ཟིན་ནས་ཁ་པར་ཁྱབ་གདལ་བྱུང་ཚད་ལོ་ལྔ་ཚན་བཅུ་གཅིག་པའི་དུས་མཇུག་གི་མི་བརྒྱ་རེར་ཁ་པར ༧༠ ནས་མི་བརྒྱ་རེར་ཁ་པར ༩༧ བར་མང་དུ་ཕྱིན་ཡོད་པའི་ནང་།  སྒུལ་འཕྲིན་ཁ་པར་སྤྱོད་མཁན་ཁྲི་ཚོ ༢༧༡ ཟིན་ནས་ཁྱབ་གདལ་བྱུང་ཚད་མི་བརྒྱ་རེར་ཁ་པར ༥༥ ནས་མི་བརྒྱ་རེར་ཁ་པར ༨༦ བར་མང་དུ་ཕྱིན་ཡོད།

    ལོ་ལྔ་ཚན་བཅུ་གཉིས་པའི་རིང་།  རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར ༡༡༢ བཏང་ཡོད་པ་དེ་ལོ་ལྔ་ཚན་བཅུ་གཅིག་པའི་རིང་ལས་བརྒྱ་ཆ ༨༣ འཕར་ཡོད་པ་དང་།  ཞིང་འབྲོག་ཁུལ་དུ་སྒུལ་འཕྲིན་འཕྲིན་གཏོང་གི་ཁུག་ཆ་མ་ལུས་པ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད།  སྒུལ་འཕྲིན་ཁ་པར་སྦྲེལ་ཚུགས་ཁྲི་ཚོ ༡.༧ སྐྲུན་ཟིན་པ་དེ་ལོ་ལྔ་ཚན་བཅུ་གཅིག་པའི་དུས་མཇུག་ལས་ལྡབ ༢.༧ འཕར་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ ༥༢༦༡ གི་སྒུལ་འཕྲིན་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་རེད།  དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་དགོན་སྡེ ༡༧༧༠ ལ་ཁ་པར་ཤར་གཏོང་ཐུབ་ནས་དགོན་སྡེར་ཁ་པར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༡༠༠ ཟིན་པའི་དམིགས་ཚད་སྒྲུབ་ཐུབ་པ་བྱུང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན།  རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྗོངས་ཡོངས་ཀྱི་ཁ་པར་བེད་སྤྱོད་བྱེད་མཁན་ཚོས་རང་མིང་ཐོ་འགོད་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱས་པ་དང་།  ཁ་པར་བེད་སྤྱོད་བྱེད་མཁན་གྱི་རང་མིང་རམ་འདེགས་ལྟ་ཞིབ་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ནས་འཕྲིན་གཏོང་གི་ལྟ་འདོམས་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།པན

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།