དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ བོད་ལྗོངས་མངའ་རིས་སུ་འཐེན་ཤུགས་རླབས་ཀྱི་བརྟག་ཞིབ་ཐིག་ལེན་ཞིབ་འཇུག་བྱེད་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2016-02-19

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་སུ་གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་དེ་ཉིད་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཆེས་ཐོག་མའི་འཇིག་རྟེན“རྒྱས་ཚུལ”གྱི་བརྒྱུད་རིམ་བརྟག་ཞིབ་ཐིག་ལེན་དང་འཛམ་གླིང་གི“ཐོག་མའི”འཐེན་ཤུགས་རླབས་འཚོལ་ཞིབ་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ལ་གྱུར་བཞིན་ཡོད།

    གསར་འགོད་པས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་འཐེན་ཤུགས་རླབས་ཞིབ་འཇུག་གི“མངའ་རིས་ཀྱི་ཚོད་ལྟའི་འཆར་གཞི”དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནུས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་སྣེ་འཁྲིད་ཅིང་། རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱིས་མངའ་རིས་སུ་བཙུགས་པའི་ལྟ་ཞིབ་ཚད་འཇལ་ས་ཚིགས་ལ་བརྟེན་ནས་ལག་བསྟར་བྱ་རྒྱུ་རེད། འཆར་གཞི་དེའི་དམིགས་ཡུལ་ནི་ཐོག་མའི་འཐེན་ཤུགས་རླབས་ཀྱི་ཆེས་སྟབས་བདེའི་འཚོལ་ཞིབ་བྱེད་ཐབས་ཤིག་ཡིན་པ་དང་། ཆེས་ཐོག་མའི་འཇིག་རྟེན་རྒྱས་ཚུལ་གྱི་རིགས་པའི་གཞུང་ལུགས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དེ་རེད། མིག་སྔར་ཚན་ཞིབ་མི་སྣས་དུས་འགོའི་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པ་དང་། ཆབས་ཅིག་ཨ་རི་དང་རི་པིན་སོགས་རྒྱལ་ཁབ་ཀྱི་ཚན་རིག་མཁས་ཅན་དང་མཉམ་དུ་ཞིབ་འཇུག་བྱ་རྒྱུ་རེད།

    ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་བཟང་པོའི་ཕན་པ་ཐོབ་པ་བརྒྱུད། མངའ་རིས་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་གནམ་དཔྱད་རིག་པའི་ལས་རིགས་མཉམ་ལས་ལ་སྐུལ་མ་གཏོང་བའི་སྟེགས་བུར་རིམ་བཞིན་འགྱུར་བཞིན་ཡོད། མིག་སྔའི་བར་རྣམ་གྲངས་20ལྷག་ཙམ་མངའ་རིས་སུ་རྟོག་ཞིབ་བརྟག་དཔྱད་དང་། ས་གནས་ས་ཐོག་ཏུ་ཚད་ལེན། རྣམ་གྲངས་འཆར་འགོད་དང་ལག་བསྟར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་དང་རི་པིན་གྱིས་མཉམ་ལས་བྱས་པའི་HinOTORIའཐེན་ཤུགས་རླབས་ཁུངས་ཀྱི་འོད་རིག་སྨུག་ཕྱིའི་རྒྱང་ཤེལ་སོགས་རྒྱལ་སྤྱིའི་གནམ་དཔྱད་ཞིབ་འཇུག་གི་དུས་འགོའི་རྣམ་གྲངས་ཁག་གཅིག་སྐྲུན་བཞིན་ཡོད་པ་རེད།

    སའི་གོ་ལའི་བྱང་ཕྱེད་མར་དུས་ཡུན་རིང་པོ་ཕུལ་བྱུང་གི་གནམ་དཔྱད་ལས་ཁུངས་དཀོན་པས། མངའ་རིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་སྐྲུན་པ་དང་བེད་སྤྱོད་བྱས་པས། སྟོང་ཆ་དེ་གསབ་ཐུབ་རྒྱུ་དང་སའི་གོ་ལའི་བྱང་ཕྱེད་མའི་གནམ་དཔྱད་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུ་རེད། ཡའོ་ཡུང་ཆང་གིས“ད་ལྟ་སྐྲུན་བཞིན་པའི་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་པའི་དུས་ཚོད་ཁྱབ་ཁོངས་ཀྱི་གནམ་དཔྱད་རིག་པའི་LCOGTརྣམ་གྲངས་ཁྲོད་མངའ་རིས་ས་ཚིགས་བསྣན་ཚེ་སའི་གོ་ལའི་བྱང་ཕྱེད་མ་ཧྲིལ་པོར་ཁྱབ་ཐུབ་པ་བྱུང་ནས་། གོ་ལ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་དྲ་བའི་འབུར་ཚིགས་གལ་ཆེན་ཞིག་ཏུ་གྱུར་རྒྱུ་རེད”ཅེས་བཤད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།