དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རིག་དར་རྒྱས་འབྲུག་སྒྲ་ལྡིར། ཕན་འབྲས་ལོངས་སྤྱོད་རྒྱ་མཚོ་འཁྱིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-16

    ན་ནིང་། ཁྲེང་ཀོན་ཆུས་ཀྱིས་སྤྱིའི་འཆར་འགོད་དང་ཁག་བགོས་ལག་བསྟར་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལས་རིགས། སྤྱི་གནོད་མེད་པའི་ཞིང་འབྲོག་ཐོན་རྫས་འཁོར་སྐྱོད་ལས་རིགས་བཅས་གཙོ་བོར་བྱས་ཏེ། “དཔེ་སྟོན་ཁུལ་གསུམ་དང་ཁྱད་ལྡན་རོང་ལྔ”གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་རྣམ་གྲངས་དང་མ་དངུལ་དེ་ས་གཙང་བདེ་ཐང་ཐོན་ལས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དང་། ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང་། ཧེང་ཐུང་ཟོག་འགྲེམས་གླིང་སོགས་རྣམ་གྲངས་ཆེན་པོ་འབོར་ཆེན་ཞིག་བསྐྲུན་ཡོད་པ་རེད།

    རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་མ་བཏང་བ།

    མིག་སྔའི་བར་ཁྲེང་ཀོན་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.54བཏང་ནས་ས་གཙང་བདེ་ཐང་ཐོན་ལས་ཀྱི་རྣམ་གྲངས་15ལག་ལེན་བསྟར་བ་དེས་མང་ཚོགས་དུད་ཚང་4930དང་མི་གྲངས་14947ལ་ཕན་པ་ཐོབ་སྟེ། དུད་ཚང་རེར་ཆ་སྙོམས་སྒོར་6000འབབ་འཕར་བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000བྱུང་ནས་ས་གཙང་བདེ་ཐང་ཐོན་ལས་གོང་འཕེལ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བ་རེད།

    ཁྲེང་ཀོན་ཆུས་ཀྱིས“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ལག་ལེན་བསྟར་ཚུན། “ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་སྦྲེལ་བའི་བྱེད་ཐབས་གཞིར་བཟུང“སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་དང་། སྔོ་ཚལ་ཚན་རིག་དང་མཐུན་པའི་ངང་ཞིབ་དཔྱད་ཚད་ལེན། སྔོ་ཚལ་ལས་སྣོན། སོས་ཉར་གསོག་འཇོག སྔོ་ཚལ་ཐད་ཚོང་རླངས་འཁོར”སོགས་སྡེ་ཁུལ་དང་། སློབ་གྲྭ དགོན་སྡེ་བཅས་སུ་ཐོན་མཁོ་ཚོང་གཞི་གཅིག་ཅན་གྱི་གཉེར་སྐྱོང་གོང་འཕེལ་བཏང་བ་དེས་ཡུལ་མིའི“སྔོ་ཚལ་ཉོ་དཀའ་བ་དང་ཚལ་གོང་ཆེ་བའི”གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཞིང་པའི“ཚལ་འཚོང་དཀའ་བའི”གནད་དོན་ཡང་ཐག་གཅོད་ཐུབ་སྟེ་མི་གྲངས་200ལྷག་ཙམ་གྱི་ལས་ཞུགས་ཐད་ཀར་ཐག་གཅོད་ཐུབ་ཡོད་པ་རེད། སྔོ་ཚལ་ཐད་འཚོང་རླངས་འཁོར་ནང་ཚོང་གཉེར་བྱེད་འགོ་ཚུགས་ཚུན། ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་3600ཟིན་ནས་མང་ཚོགས་ལ་སྒོར་ཁྲི་790ལྷག་ཙམ་གྱི་ཕན་པ་ཐོབ་པ་དང་ཁེ་སྤོགས་སྒོར་ཁྲི་360ཟིན་ཡོད་པ་རེད།

    ཟོག་འགྲེམས་ཐད། ཁྱོན་མ་རྩ་སྒོར་ཁྲི་8300བཏང་ནས་ས་ཆ་མུའུ་45བཟུང་བའི་ས་གཙང་ཧེང་ཐུང་ཟོག་འགྲེམས་གླིང་ད་ཆ་ཚོང་འགུགས་ཀྱི་དུས་མཚམས་སུ་སླེབས་པ་དང་། གླིང་དེར་སྐབས་བབ་ཀྱི་སྔོ་ཚལ་སོས་པ་སོགས་ཞིང་ལས་ཉོ་ཚོང་གི་ཟོག་འགྲེམས་ཆེ་གྲས་ཁག་ལྔ་དང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ཉོ་ཚོང་སོགས་བྱེད་ནུས་ཁུལ་བཅུ་དབྱེ་རྒྱུ་ཡིན་པར་གཉེར་སྐྱོང་དུད་ཚང་150ལྷག་ཙམ་ཤོང་གི་ཡོད། སྔོན་དཔག་བྱས་ན། ཞིང་འབྲོག་ཐོན་རྫས་ལོར་ཉོ་ཚོང་བྱེད་ཚད་ཏུན་10ལྷག་ཙམ་དང་ལོར་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་རྒྱུ་རེད།

    སྤུས་ཚད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

    ད་ལོའི་ཟླ་8པར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོར་སྐབས་དང་པོའི་ཁམ་བུ་འཐོག་པའི་དུས་ཆེན་གཉེར་ནས་ཡུལ་སྐོར་བར་ཤང་གྲོང་ཡུལ་སྐོར་ལས་བྱུང་བའི་སྤྲོ་སྣང་འཕེལ་བར་བྱས་པ་དང་དུས་མཚུངས་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཡག་པོ་བྱུང་བ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་4477.6བཏང་ནས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོར་སྣ་ཁ་6གི་ཁམ་བུ་མུའུ་1063ཁྱབ་གདལ་དང་འདེབས་འཛུགས་བྱས་པ་དང་། དོག་སྡེ་ཤང་དུ་སྣ་ཁ་3གྱི་རྒུན་འབྲུམ་མུའུ་52.8ཚོད་ལྟར་བཏབ་པ། ཉང་བྲན་ཤང་དུ་ཤིང་ཏོག་ལིའི་སྡོང་པོ་དང་ཁམ་སྡོང་མུའུ་65བཙུགས་ཏེ་སྐྱེས་ཚད་90%ཡན་ཟིན་པ། མ་དངུལ་སྒོར་ཁྲི་1500བཏང་ནས་དོག་སྡེ་ཤང་གི་སྣོད་བཅུད་ཉམས་གསོའི་དཔལ་འབྱོར་ནགས་ཚལ་ཁྱབ་གདལ་རྣམ་གྲངས་ལག་བསྟར་བྱས་པ་དང་། སྒྲ་འགོག་འུར་གཅོག་གི་འབྱུང་འཕྲོད་སྡོང་པོ་6185བཙུགས་པ། ར་བའི་ནང་དཔལ་འབྱོར་ནགས་ཤིང་སྡོང་རྐང་ཁྲི་2.3བཏབ་པ་བཅས་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད།

    གཞན་ཡང་ཁྲེང་ཀོན་ཆུས་ཀྱི“རྩེ་གྲ་ཁག་དྲུག(ཆུ་ཁུངས་དཔལ་འབྱོར་རྩེ་གྲ་དང་། སྒྲིག་ཆས་རྩེ་གྲ ཤེས་ལྡན་པ་རྩེ་གྲ དོ་དམ་རྩེ་གྲ ལག་རྩལ་རྩེ་གྲ ཞབས་ཞུ་རྩེ་གྲ)གི་བླང་བྱ་ལྟར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་བོད་ལྗོངས་ཏ་ཀྲའོ་གནས་ཆུ་དངོས་ལས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཐོན་སྐྱེད་བྱེད་ལམ་3རིམ་སྤར་དང་སྒྱུར་བཀོད་བྱས་ཁར། ཁྱོན་ཡོངས་ནས་ཐོན་སྐྱེད་ཀྱང་བྱས་ཏེ་ཏ་ཀྲའོ་གནས་ཆུ་རང་བྱུང་ཆུ་ཏུན་ཁྲི་30ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།

    ཚན་རྩལ་གྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་པ།

    ཁྲེང་ཀོན་ཆུས་ཀྲི་ཀྲའོ་ས་གཙང་ཞིང་ལས་ཚན་རྩལ་དཔེ་སྟོན་ལྟེ་གནས་སུ་བསྐྱོད་པས་ན་ཤེལ་དཀར་འོད་ཚ་མུ་སྦྲེལ་རིག་ནུས་དྲོད་ཁང་དུ་འབྲི་ཏ་ས་འཛིན་དམར་པོ་དང་སྔོ་ཚལ་སོས་པས་མིག་དབང་འཕྲོག་པར་གྱུར།

    དཔེ་སྟོན་ལྟེ་གནས་ཀྱི་འགན་འཁུར་བ་ཀྲང་ཞ་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེས་མ་དངུལ་སྒོར་ཁྲི་8267.2བཏང་བ་དང་ཁྱོན་འགྲེམས་ཁང་12ཡོད་ཅིང་། དེ་ནི་ལྗོངས་ཡོངས་ཀྱི་རྩི་ཤིང་བཟོ་གྲྭ་དང་། འཁོར་སྐྱོད་ཞིང་ལས། ནུས་རྒྱུ་གསར་པ། སྣ་མང་ཞིང་ལས་བཅས་གཅིག་སྡུད་ཀྱི་ས་གཙང་ཞིང་ལས་ཚན་རྩལ་གྱི་དཔེ་སྟོན་ལྟེ་གནས་ཐོག་མ་ཡིན། ད་ཆར་དཔེ་སྟོན་ལྟེ་གནས་ཀྱི་སྔོ་ཚལ་འདེབས་འཛུགས་ཐད་ས་མེད་འདེབས་གསོའི་ལག་རྩལ་སྤྱད་པ་དང་། ལྟེ་གནས་སུ་ཤིང་ཏོག་དང་། སྔོ་ཚལ། མེ་ཏོག་སོགས་སྣ་ཁ་500ཙམ་འདེབས་ཀྱི་ཡོད་པ་རེད།

    ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་འདུ་འགོད་ཀྱི་ནང་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.44བཏང་ནས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་བཟོ་རྩལ་ལ་བརྟེན་ནས་གསོ་ཚགས་ལྟེ་གནས་ལ་རྩེ་རིམ་ཇུས་འགོད་བྱས་པ་དང་། བཞོན་མ་དཀར་ཟལ་1500ནང་འདྲེན་གྱིས་ཕྱི་ཡུལ་ནས་ཉོ་སྒྲུབ་དང་། རང་གིས་འདེབས་པ། མངགས་ཉོ་བཅས་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་གཟན་ཆས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཆེས་སྔོན་ཐོན་གྱི་ལྕི་བ་གཙང་སེལ་མ་ལག་དང་། འོ་འཇོའི་སྒྲིག་ཆས། འབྲོག་ར་དོ་དམ་གྱི་མཉེན་ཆས་བཅས་ལ་བརྟེན་ནས་འོ་མའི་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་གྱིས་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་སྒྲིག་ཆས་ཆེས་སྔོན་ཐོན་གྱི་སྤུས་ལེགས་འོ་ཁུངས་རྟེན་གཞི་ཧུར་ཐག་ངང་གཏོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།