དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དྲག་ཆས་ཉེན་རྟོག་ཉིང་ཁྲི་ནགས་ཚལ་ཉིང་ལག་རུ་ཁག་གིས་མི་མེད་གནམ་གྲུའི་སྟངས་འཛིན་མཁན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-26

     

    yuanhx6121_s.jpg

    འདི་ནི་དཔོན་དམག་ཚོས་གནམ་གྲུ་འཕུར་སྐྱོད་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར་གསར་འགོད་པར་དྲག་ཆས་ཉེན་རྟོག་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་ཉིང་ལག་རུ་ཁག་གི་འཁོར་གཤོག་མང་བའི་མི་མེད་གནམ་གྲུའི་གསོ་སྦྱོང་བྱེད་ས་ནས་ཤེས་རྟོགས་བྱུང་བར། དྲག་ཆས་ཉེན་རྟོག་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་ཉིང་ལག་རུ་ཁག་གིས་ལས་འགན་སྒྲུབ་ཡུལ་རི་མཐོ་གཡང་གཟར་དང་། གྲོག་རོང་མང་བ། ས་དབྱིབས་རྙོག་འཛིང་ཆེ་བ་སོགས་ལ་གཙོ་བོར་དམིགས་ཏེ་མི་མེད་གནམ་གྲུའི་སྟངས་འཛིན་མཁན་སྒྲིག་འཛུགས་བྱས་ནས་མི་མེད་གནམ་གྲུའི་འཕུར་འབབ་དང་། ལྡིང་སྐོར་རྒྱག་པ་དང་ཁ་ལོ་སྒྱུར་བ། བར་སྣང་ནས་ཐད་འཕུར་བྱེད་པ། དམིགས་སར་འཕུར་བ། པར་རིས་བརྒྱུད་གཏོང་། བདེ་འཇགས་ངང་འབབ་པ་སོགས་ཀྱི་ནང་དོན་ལ་བརྒྱུད་རིམ་ལྡན་སྦྱོང་བརྡར་བྱས་པ་དང་དེའི་དམིགས་ཡུལ་ནི་དངོས་འཐབ་ཁོར་ཡུག་ཁྲོད་སྦྱོང་བརྡར་བྱས་པ་བརྒྱུད་མི་མེད་གནམ་གྲུའི་སྟངས་འཛིན་མཁན་གྱི་སྐབས་འཕྲལ་ཐག་གཅོད་བྱེད་ནུས་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་འཕུར་རྩལ་ཆེ་རུ་བཏང་སྟེ་བོད་ཤར་ལྷོའི་ནགས་ཁུལ་དུ་མི་མེད་གནམ་གྲུའི་འཐབ་ནུས་གང་མགྱོགས་ཆགས་པ་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ལག་རུ་ཁག་དེའི་ཆེད་ལས་རིམ་པའི་འཁོར་གཤོག་དྲུག་ལྡན་གྱི་མི་མེད་གནམ་གྲུ་དེར་ལག་ཆ་མི་དགོས་པའི་མྱུར་བཤིག་གྲུབ་ཆ་སྤྱད་ཡོད་ལ། ཧ་ཅང་གསལ་བའི་པར་བརྒྱུད་གཏོང་གི་སྐུད་མེད་མ་ལག་བསྒར་ཡོད་པ་དང་། ལག་སྒུལ་གྱི་གནད་འཁེལ་ཚོད་འཛིན་དང་དེ་བཞིན་རང་བརྟེན་འཕུར་སྐྱོད་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། འཕུར་ཡུན་རིང་བ་དང་། འཕུར་ཚད་མཐོ་བ། ལྷག་པ་འགོག་ནུས་ཆེ་བ། ཆར་པའི་ཁྲོད་དུ་ལས་ཀ་བྱེད་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། མི་མེད་གནམ་གྲུ་སྤྱད་པ་དེས་མེ་སྐྱོན་ལྟ་སྐུལ་ཚོད་འཛིན་དང་། མེ་ཤུགས་ཆེ་ཆུང་སྐོར་ཞིབ། དེ་བཞིན་གནས་གཏན་འཁེལ་གྱི་མྱུལ་ཞིབ་དང་། པར་ལེན། མཁའ་དབྱིངས་ཀྱི་འཕྲིན་གཏོང་འབྲེལ་མཐུད་སོགས་ཀྱི་ནུས་པ་ལྡན་པས་བོད་ཤར་ལྷོའི་ནགས་ཁུལ་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་། མེ་གསོད། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་ལས་ཀར་སྔར་བས་རོགས་རམ་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།