དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགུན་གསེང་རིང་ཕྲུ་གུའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-22

    བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞི་ནི་མིག་སྔར་རང་ལྗོངས་ཀྱི་སྒྲིག་གཞི་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཡིན་པ་དང་། སློབ་གསོ་གསོ་སྦྱོང་གཅིག་སྡུད་དང་། རིག་གནས་ལུས་རྩལ་དང་ཚན་རྩལ་བྱེད་སྒོ་གཅིག་ཏུ་བསྡུས་པའི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་ཞིང་། དགུན་གསེང་རིང་རྟེན་གཞི་དེས་བྱིས་པའི་ཞབས་བྲོའི་འཛིན་གྲྭ་དང་། བོད་ཡིག་ཡིག་གཟུགས་འཛིན་གྲྭ རི་མོའི་འཛིན་གྲྭ་བཅས་བཙུགས་ནས་ཕྲུ་གུའི་སྒྱུ་རྩལ་གྱི་ཉམས་འགྱུར་བསྐྱངས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་པ་བྱེད་ཀྱི་ཡོད།

    246874_yis_1453095766726.jpg

    འདི་ནི་མཛེས་རྩལ་དགེ་རྒན་གྱིས་ཕྲུ་གུ་ཚོར་རི་མོ་འབྲི་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    246876_yis_1453095766991.jpg

    འདི་ནི་གླུ་གཞས་མཉམ་ལེན་འཛིན་གྲྭའི་སློབ་མས་མཉམ་གཞས《སྤང་རྒྱན་མེ་ཏོག》ཞེས་པ་གཏོང་བའི་གནས་ཚུལ་ཡིན་པ།

    246875_yis_1453095766867.jpg

    འདི་ནི་ཞབས་བྲོ་སྦྱོང་བརྡར་འཛིན་གྲྭའི་སློབ་མས་ཞབས་བྲོའི་རྨང་གཞི་སྦྱོང་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།