ཆུ་གསུམ་རྫོང་ཆུ་མདོ་རྒྱང་གྲོང་ཚོར་བཅའ་སྡོད(ཆུ་གསུམ་རྫོང་གིས་མངགས་པ)རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གིས་གྲོང་ཚོ་དེ་གའི་སློབ་ཆེན་སློབ་མ་4གདན་དྲངས་ཏེ་དུས་ཡུན་ཟླ་གཅིག་གི་དགུན་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་ནས་རྒྱ་ཡིག་དང་། བོད་ཡིག རྩིས་རིག དབྱིན་ཡིག་སོགས་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་94གསབ་སྦྱོང་འཛིན་གྲྭར་ཞུགས་པ་ཕུད། ད་དུང་ལོ་35མན་གྱི་ཞིང་འབྲོག་མང་ཚོགས་ཀྱང་རང་འདོད་ལྟར་ཞུགས་ཆོག གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་ཕྱོགས་བསྡུས་རིག་གནས་བྱང་ཚད་མཐོ་རུ་གཏོང་ཆེད་ད་ཐེངས་ཀྱི་གསབ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད།
གསབ་སྦྱོང་འཛིན་གྲྭ་དེ་ཕན་འབྲས་དང་གོ་རིམ་ལྡན་པའི་སྒོ་ནས་གཉེར་ཐུབ་ཆེད། ལས་དོན་རུ་ཁག་གིས་ལོ་རིམ་ཕྱེ་ནས་གཅིག་སྡུད་སློབ་སྦྱོང་བྱེད་པའི་བྱ་ཐབས་དང་སྦྱོང་ཚན་འབྲི་བ་དང་ནོར་བཅོས་འགྲེལ་བཤད་རྒྱག་པའི་བྱེད་སྟངས་གཙོ་བོར་བྱས་ནས་ཕྲུ་གུ་ཚོས་ཁྱོན་ཡོངས་ནས་ཤེས་བྱ་ཁོང་དུ་ཆུད་ཐུབ་པ་བྱས་པ་མ་ཟད། གཙོ་བོར་སློབ་སྦྱོང་རྗེས་ལུས་ཐེབས་པའི་སློབ་མར་ཕྱོགས་ཡོངས་ནས་བསྐྱར་སྦྱོང་བྱེད་རོགས་བྱེད་བཞིན་ཡོད་པས་སློབ་འབྲིང་སློབ་མ་དང་སློབ་ཆུང་སློབ་མ་མཉམ་དུ་སློབ་སྦྱོང་ཐུབ་ནས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་དེ་བས་ལེགས་པའི་ངང་འཕེལ་ཏེ་ཕྲུ་གུ་ཚོ་སྤྲོ་སྣང་ལྡན་པའི་ངང་སློབ་སྦྱོང་དང་འཚར་ལོངས་ཐུབ་པ་བྱུང་ཡོད་པ་རེད།
ལས་དོན་རུ་ཁག་གིས་མངགས་གཏོང་ཚན་པ་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་1བརྩོན་ལེན་བྱས་ནས་སློབ་ཆེན་སློབ་མ་4ཡི་སློབ་ཁྲིད་ཁ་གསབ་གྲོན་དངུལ་དུ་སྤྱད་ཡོད་པ་རེད།