དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་བྱ་གསོ་ཚགས་བྱས། ཡོང་འབབ་མང་དུ་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-22

    245366_yis_1452665326263.jpg

    2005ལོར་བསྐྲུན་པ་ནས་ད་བར་དུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་དགའ་གྲོང་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དེ་ཐོག་མའི་རྒྱ་ཁྱོན་མུའུ་6དང་བྱ་ཚང་10ནས་ད་ལྟའི་རྒྱ་ཁྱོན་མུའུ་30དང་བྱ་ཚང་30བར་འཕེལ་རྒྱས་ཕྱིན་པ་དང་། མིག་སྔའི་བར་མཉམ་ལས་ཁང་དེར་བྱ་དེ་ཁྱོན་ཁྲི་2ལྷག་ཙམ་ཡོད་ལ། ལོ་རེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་172.4ཟིན་པ་ལས་ཡོང་འབབ་ཁེ་གཙང་སྒོར་ཁྲི་75བབས་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་དུད་50ལ་ལས་ཞུགས་སྐུལ་ཁྲིད་བྱས་ཏེ་ལོ་མཇུག་ཏུ་དུད་ཚང་རེར་ཁེ་སྤོགས་སྒོར་4000ལྷག་ཙམ་ཡོད་ཅིང་། འདི་ནི་མཉམ་ལས་ཁང་དེའི་ལས་མིས་བྱ་སྒོང་འཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།