
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་གཉིས་དོན་གཅོད་ཁྲུའི་ལྷ་ཞབས་གླིང་ཕྲན་སྡེ་ཁུལ་ལས་དོན་རུ་ཁག(ཁྲེང་ཀོན་ཆུས་ཀྱིས་མངགས་པ)གིས་རྒན་ཡོལ་ཞུས་པའི་འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་དང་གྲོང་མིའི་སྒོ་ཁར་ཕུ་བླུག་བྱེད་གཱ་དང་དེའི་འགྲོ་གྲོན་དང་། དངུལ་སྔོན་བཅོལ། བློ་འདྲི་བཅས་ཀྱི་ཞབས་འདེགས་ཞུས་པར་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་ཞིང་། འདི་ནི་ལྷ་ཞབས་གླིང་ཕྲན་སྡེ་ཁུལ་གྲོང་ལྷན་གྱི་ཚོགས་ཁང་དུ་ལས་དོན་པས་གྲོང་མིར་ལས་སྒོ་གཉེར་བཞིན་པ།