འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་འབྲོག་པ་མང་ཚོགས་ལ་འཚམས་འདྲིའི་དངུལ་སྤྲོད་བཞིན་ཡོད་པ།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྔར་བས་གཏིང་ཟབ་སྤེལ་ཆེད། ཉེ་ཆར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་2016ལོའི་ཁག་དང་པོའི“འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་30སྒྲིག་འཛུགས་བྱས་ཏེ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་42དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་འཚམས་འདྲིའི་དངུལ་སྒོར་29600སྤྲད་དེ་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱས་པས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
རྩ་རིང་གྲོང་རྡལ་གྱི་གྲོང་ཚོ་དང་པོ་དང། གཉིས་པ། བཞི་པ། དགུ་པ་བཅས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཡོན་ལས་བྱེད་པ་དང་ཆ་སྒྲིག་མང་ཚོགས་ཅི་འཕྲོས་མོལ་འཕྲོས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་། ཡོང་འབབ། གནམ་གཤིས་དྲོ་གྲང་བཅས་ཤེས་རྟོགས་བྱས་པ་དང་མང་ཚོགས་ཀྱི་རེ་བ་ནན་ཏན་ངང་ཉན་ནས་རོགས་སྐྱོར་བྱ་ཡུལ་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་དཀའ་ངལ་བྱུང་རྐྱེན་དབྱེ་ཞིབ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ཤེས་དང་བསམ་ཕྱོགས་གྲོས་བསྡུར་བྱས་པ་མ་ཟད། རང་ཉིད་ཀྱི་དངུལ་ཁུག་ནས་ཆ་སྒྲིག་དུད་ཚང་ལ་འཚམས་འདྲིའི་དངུལ་སྤྲད་དེ་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་དང་བརྩེ་སེམས་ཟོལ་མེད་ཀྱི་སྒོ་ནས་ཆ་སྒྲིག་དུད་ཚང་དང་གཅིག་སེམས་གཅིག་ལ་སྦྲེལ་བས་ཆ་སྒྲིག་འབྲོག་པ་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དོ་ཁུར་དང་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པ་བྱུང་ཡོད།
འབྲོག་པ་མང་ཚོགས་དང་གླེང་མོལ་བྱེད་རིང་ཏང་ཡོན་ལས་བྱེད་པ་དང་འབྲོག་པ་མང་ཚོགས་དབར་ཕན་ཚུན་རྒྱུས་མངའ་དང་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཆབ་སྲིད་ལས་དོན་དང་མི་དོན་ཁྲུའུ་ཡི་ལས་བྱེད་པ་ལི་ན་ཡིས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་བརྒྱུད་གཞི་རིམ་གྱི་མང་ཚོགས་དང་ཉེ་བཅར་གྱིས་འབྲེལ་འདྲིས་ཐུབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཁོང་ཚོའི་རེ་འདུན་བཅས་ཤེས་རྟོགས་བྱུང་བས་བྱེད་སྒོ་དེའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གཏིང་ཟབ་ཚོར་ཐུབ་པ་དང་དུས་མཚུངས་རང་ཉིད་ཀྱི་མང་ཚོགས་ཀྱི་ལྟ་བ་དང་། མང་ཚོགས་ཀྱི་འདུ་ཤེས། མང་ཚོགས་ཀྱི་བརྩེ་དུང་བཅས་ཀྱང་ཟབ་ཏུ་ཕྱིན་སོང་ཞེས་བཤད།