དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-19

    2016ལོ་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་ཞིང་། ཉེ་ཆར་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས“སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི”རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བ་དང་འབྲེལ་2015ལོའི་ཕྱོགས་སྡོམ་གཟེངས་བསྟོད་ཀྱི་ཚོགས་ཆེན་ཡང་འཚོགས་པ་རེད།

    འདས་ཟིན་པའི་2015ལོའི་ནང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ནད་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་དང་། ཚན་ཞིབ། སློབ་གསོ། སྨན་སྦྱོར། སྨན་ཁང་དོ་དམ་དང་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་ཁང་གི་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྨན་བཅོས་ཞབས་ཞུ་དང་ཚན་ཞིབ་ནུས་པ་གོང་མཐོར་གཏོང་བ། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད་པ་རེད།

    རྟེན་འབྲེལ་མཛད་སྒོ་རིག་རྩལ་འཁྲབ་སྟོན་ཁྲོད་འཁྲུག་ཆ་དོད་དུ་སོང་ཞིང་། ཞབས་བྲོ《ཕ་ཡུལ་དྲན་པ》དང་ཁེར་གཞས《བུ་མོ་སྒྲོལ་མ》སོགས་ལེ་ཚན་18འཁྲབ་སྟོན་བྱས་པ་དང་མཐར་ཞབས་བྲོ《ཡར་ཀླུང་ཨར་གཞས》ཁྲོད་མཛད་སྒོ་མཇུག་འགྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།