དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་གསར་སྐབས་ཀྱི་འཛེམ་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-19

    ལོ་གསར་ཚེས་པ་གཅིག་ཉིན་རྟེན་འབྲེལ་གྱི་བྱ་བ་བཟང་པོ་ཁོ་ན་སྤེལ་དགོས་པ་ལས། ཁ་བརྡ་ངན་པ་ལ་སོགས་བཀྲ་མི་ཤིས་པའི་བྱ་བའི་རིགས་མི་ལྷགས་པ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད།  དེས་མ་ཟད་ཚེས་གཅིག་ཉིན་ངུ་བ་དང་བཀྲ་མི་ཤིས་པའི་ཚིག་ཁ་ནས་ཐོན་པ་སོགས་བྱུང་ན་རྣམ་རྟོག་ཆེན་པོ་ལ་རྩི་བ་ཡིན་པས་ཞོགས་པ་ཡར་ལངས་པ་ནས་མི་ཐུག་ཚད་ལ་སྐད་ཆའི་ཚིག་དང་པོ་དེ“བཀྲ་ཤིས་བདེ་ལེགས”ཞེས་བརྗོད་དགོས་ཤིང་། དེ་ཉིན་སྐྲ་མ་ལྷད་པར་བསྡད་པ་དང་རྣ་རྒྱན་མ་བཏགས་པར་སྡོད་པ་སོགས་བྱེད་མི་རུང་བར་རྩི་བ་ཡིན། ལོ་གསར་པ་འདིའི་ནང་བཀྲ་ཤིས་ལོ་ལེགས་ཡོང་བ་དང་། བསམ་དོན་ལྷུན་གྱིས་གྲུབ་ཕྱིར། གནམ་ལོ་གསར་ཚེས་ཉིན་གད་ཕྱིས་མི་རྒྱག་པ་དང་ཁ་རྩོད་མི་རྒྱག་པ། གཞན་ལ་གཤེ་གཤེ་མི་གཏོང་བ། མི་ཚང་གཞན་ནས་དངོས་ཟོག་གཡར་སྐྱིན་མི་བྱེད་པ། དཀར་ཡོལ་ལ་སོགས་པའི་སྣོད་ཆས་ཀྱི་རིགས་བཅག་བཅོག་མི་ཡོང་བ་བྱེད་ཀྱི་ཡོད། གལ་ཏེ་དེ་ལས་གང་རུང་ཞིག་བྱུང་ན། རྣམ་རྟོག་ལ་བརྩིས་ནས་མཉེས་པོ་གནང་གི་མེད།  གཞན་ཡང་དེ་ཉིན“ཚེས་གཅིག་ཚེས་གཉིས་ཚིགས་མདོ་བསྐུམ”ཞེས་ཚོང་གཉེར་ལ་སོགས་ལས་ཀའི་རིགས་རྣམས་ཚང་མ་མཚམས་བཞག་ནས་དགའ་སྐྱིད་རྟེན་འབྲེལ་ཁོ་ནར་རོལ་གྱི་ཡོད།


    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།