དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་འདེབས་འཛུགས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་འདུན་པ་མངོན་འགྱུར་ཡོང་བ་བྱེད།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-01-18

    རང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་མང་ཆེ་བ་ཞིང་འབྲོག་ཁུལ་དུ་གཅིག་བསྡུས་བྱས་ཡོད་པས་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཏན་ཏིག་ཐུབ་པ་བྱེད་པར་ངེས་པར་དུ་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས།  དེ་ནི་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་དར་རྒྱས་ཡོང་བ་བྱེད་པའི་དམིགས་ཚད་དང་འགན་འཁྲི་ཡང་རེད།

    གསར་འགོད་པ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་གི་ནུས་མཐོའི་ཉི་འོད་དྲོད་ཁང་ནང་སྐྱོད་སྐབས་མིའི་གཟུགས་ཚད་དང་མཉམ་པའི་སྒྲོམ་རིམ་པ་བསྟར་ཆགས་ངང་སྒྲིག་ཡོད་པ་དང་དེའི་སྟེང་འབྲི་ཏ་ས་འཛིན༼ཚའོ་མེའི༽སྐྱེ་འཚར་ལེགས་པོ་ཡོད་པ་མཐོང་བ་རེད།  རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲུའུ་རུང་ཇེ་ནས།  ང་ཚོས་སྤྱི་ལོ ༢༠༡༥ ལོའི་ཟླ་བ ༨ པར་འབྲི་ཏ་ས་འཛིན་གྱི་སོན་རིགས་ནང་འདྲེན་བྱས་པ་དང་ད་ལྟ་འདེབས་འཛུགས་ལེགས་སྒྲུབ་བྱུང་ནས་འབྲས་བུ་བཏགས་ཟིན་ཡོད།  དེང་སྐབས་ལྷ་སའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་གཞན་དག་གི་འབྲི་ཏ་ས་འཛིན་ལ་འབྲས་བུ་བཏགས་པའི་དུས་ཚོད་ཡོལ་ཟིན་ན་ཡང་ང་ཚོས་ཚན་རིག་ལ་བརྟེན་ནས་འདེབས་འཛུགས་བྱས་པས།  དབྱར་དགུན་སྟོན་དཔྱིད་ཚང་མར་འབྲི་ཏ་ས་འཛིན་བཀོག་རྒྱུ་ཡོད་པས་ལྷ་སའི་གྲོང་མིའི་ཤིང་འབྲས་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།  ང་ཚོའི་འབྲི་ཏ་ས་འཛིན་གྱི་སོན་འཇར་པན་ནས་ནང་འདྲེན་བྱས་པ་དང་འདིའི་མདོག་དམར་ལ་བྲོ་བ་ཆེ་བ་དང་ཡུན་རིང་པོ་ཉར་ཚགས་ཐུབ་ཀྱི་ཡོད།  དེ་བས་གལ་ཆེ་བ་ཞིག་ནི་ས་མེད་ལངས་གཟུགས་འདེབས་འཛུགས་ལག་རྩལ་སྤྱད་པ་མ་ཟད་ཞིང་སྨན་རྒྱག་གི་མེད་པས་བཀོག་མ་ཐག་བཟའ་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་།

    སྤྱི་ལོ ༢༠༠༤ ལོར་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་འབྲོག་ཚན་རྩལ་སྦྱོང་བརྡར་ལྟེ་གནས་བཙུགས་ཚུན་སྔ་རྗེས་སུ་སྦྱོང་བརྡར་གྱི་ཆེད་དངུལ་སྒོར་ཁྲི་ཚོ ༢༩༣༥ རེ་ཞུ་བརྩོན་ལེན་བྱས་ཏེ།  ལྗོངས་ཡོངས་ཀྱི་ས་ཁུལ༼གྲོང་ཁྱེར༽བདུན་ལ་ཞིང་འབྲོག་མང་ཚོགས་ཀྱི་སྦྱོང་བརྡར་འཛིན་གྲྭ་ཐེངས ༡༠༠ ལྷག་ཙམ་གཉེར་བ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་ཚོ་བཅུ་ཙམ་ལ་སྦྱོང་བརྡར་སྤྲད་ཡོད།  ཉེ་བའི་ལོའི་ནང་།  རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་གཙོ་བོ་བྱས་པའི་བོད་ཀྱི་ཞིང་འབྲོག་ཚན་རྩལ་ལས་དོན་ཚན་པས་རང་ལྗོངས་ཀྱི་དེང་རབས་ཞིང་འབྲོག་ལས་གོང་འཕེལ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་།  ཚན་རྩལ་ཡར་ཐོན་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་ཕུལ་ཚད་ལོ་ལྔ་ཚན་བཅུ་པའི་དུས་མཇུག་གི་བརྒྱ་ཆ ༣༦ ནས་ད་ལྟའི་བརྒྱ་ཆ ༥༠ བར་མཐོ་རུ་ཕྱིན་པ་དང་ཚན་རྩལ་ཁྱབ་སྤེལ་གཏོང་ཚད་བརྒྱ་ཆ ༨༥ ཟིན་ཡོད།

    རང་སྐྱོང་ལྗོངས་ཞིང་འབྲོག་རྩལ་རིག་ཁང་སྔོ་རྩལ་ཞིབ་འཇུག་ཁང་གི་ནུས་མཐོའི་ཉི་འོད་དྲོད་ཁང་ནང་ཚན་རྩལ་ལ་བརྟེན་ནས་བཏབ་པའི་འབྲི་ཏ་ས་འཛིན་ཕུད།  ད་དུང་གསེར་ཕུད་དང་སོ་ལོ་སྔོན་པོ་སོགས་ལངས་གཟུགས་ས་མེད་འདེབས་འཛགས་བྱས་པ་ཚང་མ་ནི་བོད་ཀྱི་དེང་རབས་ཞིང་འབྲོག་ལས་གོང་འཕེལ་བྱུང་བའི་མཚོན་ཚུལ་ཡིན་པ་མ་ཟད།  ནུས་མཐོ་དང་ཚན་རིག  སྐྱེ་ཁམས།  འབག་བཙོག་མེད་པ་སོགས་ཀྱི་ཁྱད་ཆོས་ཀྱང་མངོན་གྱི་ཡོད་པ་རེད།།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།