
དམངས་ཡོངས་ཀྱིས་དཔེ་དེབ་བཀླག་རྒྱུ་དེ་སྤྱི་ཚོགས་ཀྱི་རྒྱུན་རྣམ་ཞིག་ཏུ་འགྱུར་བ་བྱ་ཆེད། བོད་ལྗོངས་དཔེ་མཛོད་ཁང་གིས་དམངས་ཡོངས་ཀྱི་དཔེ་དེབ་ལྟ་ཀློག་བྱེད་སྒོ་དེ་སློབ་སྦྱོང་རྣམ་པའི་གྲོང་ཁྱེར་མ་ལག་འདུ་འགོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཕུགས་ཕན་ལམ་སྲོལ་བཟོས་ཡོད་པ་རེད། དེས་མ་ཚད་རླངས་འཁོར་དཔེ་དེབ་ཁང་དང་དྲ་ཐོག་ལྟ་ཀློག་སྟེགས་བུ་བསྐྲུན་ནས་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་དམངས་ཡོངས་ཀྱི་དཔེ་དེབ་ལྟ་ཀློག་བྱེད་སྒོའི་ཕུན་སུམ་ཚོགས་པའི་རང་བཞིན་དང་། ཉེ་བཅར་རང་བཞིན། མཉམ་འགུལ་རང་བཞིན། རྒྱ་ཁྱབ་རང་བཞིན་བཅས་ཆེ་རུ་བཏང་བ་དང་། ཚཌ་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། ལག་ཁྱེར་ཁ་པར། དྲ་སྦྲེལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྣམ་པ་སྣ་ཚོགས་པའི་ཆེད་སྒྲིག་ལེ་ཚན་དང་། ཆེད་དོན་ལེ་ཚན། བཅར་གླེང་ལེ་ཚན་སོགས་ལ་བརྟེན་ནས་དཔེ་དེབ་ལྟ་བའི་དོན་སྙིང་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅིང་། འདི་ནི་གྲོང་མིས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཞིག་གི་རླངས་འཁོར་དཔེ་དེབ་ཁང་དུ་དཔེ་དེབ་ལྟ་བའི་གནས་ཚུལ་ཡིན་པ།