དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆུ་ཤུར་རྫོང་གི་སྡེ་ཚན་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་བྱེད་ཚུལ་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-15

    སྨན་བཅོས་འགན་བཅོལ་མ་དངུལ་དོ་དམ་བེད་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དོ་དམ་བེད་སྤྱོད་བྱེད་སྟངས་སྔར་བས་ཚད་ལྡན་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། ཉིན་ཤས་གོང་ཆུ་ཤུར་རྫོང་སྒྲིག་ཨུད་ཀྱིས་རྫོང་ནོར་སྲིད་ཅུས་དང་རྫོང་འཕྲོད་བསྟེན་ཅུས་དང་མཉམ་དུ་རྫོང་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་བྱེད་ཚུལ་ལ་ཆེད་མངགས་ཞིབ་བཤེར་ཐེངས་གཅིག་བྱས་པ་རེད།

    ཞིབ་བཤེར་བྱེད་པའི་ནང་དོན་གྱི་གྲས་སུ་ནད་དེབ་དང་། སྨན་ཤོག སྨན་ཁང་བསྒྱུར་བའི་ངོ་སྤྲོད་ཡི་གེ ཤོག་འཛིན། ཐོབ་ཐང་ལག་ཁྱེར། རྩིས་ཞུ་བྱ་རིམ། རྩིས་ཞུའི་ཁྱབ་ཁོངས། རྩིས་ཞུའི་བསྡུར་ཚད་སོགས་ཚུད་ཡོད། དེའི་ནང་ནད་པ་དང་ལག་ཁྱེར་གཉིས་མཚུངས་མིན་དང་། ནད་གཞི་ཕོག་ཚུལ་དེ་ཁ་གསབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་མཐུན་མིན། ནད་ཐོ་ངོ་མ་ཡིན་མིན། སྨན་རིན་སྤྲད་པའི་ཞིབ་ཐོ་དེ་ཚད་གཞི་དང་མཐུན་མིན། རྩིས་ཞུ་བྱས་པའི་དངུལ་དེ་ཚད་གཞི་ལས་བརྒལ་མིན་བཅས་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་ཆུ་ཤུར་རྫོང་ལྟ་ཞིབ་ཅུས་ཀྱིས་རྫོང་འཕྲོད་བསྟེན་ཅུས་ལ་བརྡ་ཁྱབ་བཏང་བ་དང་འབྲེལ་དག་ཐེར་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། སླད་ཕྱིན་ལྟ་ཞིབ་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ལས་དོན་ལ་མུ་མཐུད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ཡིན། གལ་ཏེ་ད་རེས་ཀྱི་ཞིབ་བཤེར་ནང་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་རིགས་སླར་ཡང་ཐོན་ཚེ་ཐད་ཀའི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།