དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱུན་སྡོད་ཀྱི་སྨན་བཅོས་རུ་ཁག་ཅིག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-14

    ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་བཅས་ཀྱིས་སྒྲིག་འཛུགས་དང་མངགས་གཏོང་བྱས་པའི་ཞིང་ཆེན་7གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་140ལྷག་ཙམ་2015ལོའི་ཟླ་8པར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་དུ་འབྱོར་ནས་སྨན་བཅོས་རོགས་སྐྱོར་ཞབས་ཞུའི་ནང་ཞུགས་རྗེས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་དང་། དམིགས་ཚད་ལས་འགན་ལ་དམིགས་པ། འགག་རྩའི་ལྷུ་ཚིགས་ཁོང་དུ་ཆུད་པ། ཡུན་རིང་བོད་སྐྲུན་གྱི་བསམ་བློ་དང་གནད་སྨིན་བོད་སྐྱོར་གྱི་འདུ་ཤེས་གསར་པ་འཛུགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་པོའི་སྒོ་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་དམིགས་གསལ་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་རྒྱུན་སྡོད་ཀྱི་སྨན་བཅོས་རུ་ཁག་གཅིག་ཧུར་ཐག་བཙུགས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱས་ཡོད།

    ཞབས་ཞུའི་ནུས་པ་མཐོ་རུ་ནུས་ལྡན་ཕྱིན་པ།

    ལེའོ་ཉིང་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཀླད་པའི་གཤག་བཅོས་དང་བྱིས་པའི་སྦྲིད་ནད་སོགས་རྣམ་གྲངས་གསར་པ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་དུ་ལོ་ན་མཐོ་ཤོས་ཀྱི་གཤག་བཅོས་ཟིན་ཐོ་བཏོད་ཡོད། མིག་སྔའི་བར་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་གཙོ་བོར་བྱས་པའི་སྨན་དོན་མི་སྣས་ནད་པ་མི་ཐེངས་ཁྲི་2.5ལ་སྨན་བཅོས་བྱས་པ་དང་གཤག་བཅོས་སྣ་ཚོགས་ཐེངས་1226བྱས་པ་དང་། ནད་ཐོག་སྨན་བཅོས་ལ་ལག་རྩལ་གསར་པ་150སྤྱད་པ། མཉམ་འཛོམས་ནད་དཔྱད་ཐེངས་1064བྱས་པ། ནད་ཁང་དུ་བརྟག་དཔྱད་ཐེངས་1542བྱས་པ། དོགས་གནད་ཆེ་བ་དང་ཕུང་པོའི་ནད་རྟགས་གྲོས་བསྡུར་ཐེངས་1004བྱས་པ་བཅས་རེད།

    རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་བརྒལ་གསར་པ་བྱུང་ཞིང་། བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས“གཅིག་གིས་གཅིག་ཁྲིད་པ”དང“གཅིག་གིས་མང་པོ་ཁྲིད་པའི”རོགས་སྐྱོར་བྱེད་སྒོ་ཧུར་ཐག་སྤེལ་ནས་གཙོ་གནད་ཐོག་ནད་གཞི་བརྟག་དཔྱད་དང་ནད་ཐོག་སྨན་བཅོས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་དེ་གའི་སྨན་དོན་མི་སྣ་248ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ཆེད་དོན་སྨན་བཅོས་འཆད་ཁྲིད་ཐེངས་392བྱས་པ་དང་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་པའི་རིག་གཞུང་ཚོགས་འདུའི་ནང་མི་ཐེངས་309ཞུགས་ཡོད།

    རྨང་གཞིའི་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་པ།

    སྨན་བཅོས་རོགས་སྐྱོར་ཞབས་ཞུ་བྱེད་རིང་། རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གིས་གཙོ་གནད་ཆེད་བཅོས་ཚན་ཁག་31འཛུགས་རྒྱུའི་གཏན་འཁེལ་དང་། ཆེད་བཅོས་ཚན་ཁག་འཕེལ་རྒྱས་ཀྱི་འཆར་གཞི་89བཟོས་ཡོད། པེ་ཅིང་ཞེ་ཧོ་སྨན་ཁང་དང་པེ་ཅིང་སློབ་ཆེན་གྱི་སྨན་ཁང་གསུམ་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཁོ་ཧྲེའི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གསོ་རིག་བརྟག་དཔྱད་ལྟེ་གནས་དང་། བརྙན་དཔར་ནད་དཔྱད་ལྟེ་གནས། བུད་མེད་བདེ་ཐང་ལྟེ་གནས་སོགས་གྲབས་འཛུགས་ཧུར་ཐག་བྱས་ཡོད།

    སྨན་བཅོས་རོགས་སྐྱོར་གཏིང་ཟབ་བྱས་པ་དང་བསྟུན་ནས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་རིམ་ལྡན་སྨན་ཁང་དུ་སྐྲུན་པའི་ལས་དོན་གྱི་གོམ་སྟབས་རིམ་བཞིན་མགྱོགས་སུ་ཕྱིན་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་2020ལོའི་གོང་དུ་སྨན་བཅོས་ཞབས་ཞུའི་ནུས་པ་དེ་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་གྱི“རིམ་གསུམ་ཀ་པ་སྨན་ཁང”གི་ཆ་སྙོམས་ཆུ་ཚད་ཐོག་སླེབས་པ་བྱ་རྒྱུ་དང་། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་ལོ་3ནང་ཚུན་དུ“རིམ་གསུམ་ཀ་པ་སྨན་ཁང”དུ་འགྱུར་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད།

    དོ་དམ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ།

    སྨན་བཅོས་རོགས་སྐྱོར་ཞབས་ཞུ་བྱེད་རིང་། བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་སྔོན་ཐོན་གྱི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་བཏང་བ་དང་དོ་དམ་གྱི་ཉམས་མྱོང་སྤེལ་རེས་བྱས་ཏེ་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ལ་དམིགས་ཚད་དོ་དམ་དང་ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་དང་། སྒྲིག་སྲོལ་ལམ་ལུགས་ཆ་ཚང་དུ་གཏོང་བ། ལས་ཀའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་བ། སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་རོགས་བྱས་ཡོད། མིག་སྔའི་བར་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ལ་ལམ་ལུགས་ཁག་279འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་དང་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་དང་བསམ་འཆར་ཁག་374བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།