2015ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་2284བར་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་འཚོ་བ་དང་ལས་ཀའི་ཁ་གསབ་གྲོན་དངུལ་སྒོར་ཁྲི་1142སྤྲད་པ་དེ་2011ལོ་ལས་མི་1981དང་སྒོར་ཁྲི་990.5འཕར་ནས་དུས་མཚུངས་ལས་653%འཕར་བ་དང་གྲོང་ཚོ་རེར་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་2རེ་ཡོད་པ་བྱས་ཏེ་ཚལ་རྩལ་ཆེད་མངགས་པ་གྲོང་ཚོ་ཚང་མར་ཁྱབ་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་2005ལོར་ཚན་རྩལ་ཆེད་མངགས་པའི་ལས་དོན་ལག་བསྟར་བྱས་ཚུན། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་གཏོང་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད“བར་ཐག་མེད་པ”དང“ངོ་ཐུག་གདོང་འཕྲད”ཀྱི་ཞབས་ཞུའི་ནུས་པ་ཐོན་པ་བྱས་ཡོད།