གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་1ཚེས་11ཉིན་ནས་ཟླ་1ཚེས་17ཉིན་བར)
གཟའ་ལྷག་པ་དང་ཕུར་བུར་ནག་ཆུ་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཏུ་གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། མངའ་རིས་ལྷོ་རྒྱུད་དང་། ནག་ཆུ། ཆབ་མདོ། ཉིང་ཁྲི་བཅས་སུ་གངས་ཆུང་བ་འབབ་རྒྱུ། ལྷ་ས་དང་ལྷོ་ཁར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་8ཙམ་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་ཀྱི་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.གངས་འབབ་པའི་གནམ་གཤིས་ཀྱིས་འབྲོག་ལས་དང་འགྲིམ་འགྲུལ་གཉེར་སྐྱོང་ཐད་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
2. མཐོ་གྲང་འབྲོག་ཁུལ་དུ་ཕྱུགས་ཟོག་གི་ཤ་ཤེད་སྲུང་བ་དང་གཟན་རྩྭ་གསོག་འཇོག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གྲོང་ཁྱེར་གྱི་སྦུག་ལམ་འཁྱགས་འགོག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས།