དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགུན་དུས་ཆམ་པ་ཕོག་སྐབས་ལུས་ཟུངས་གསོ་ཐབས།

  •     སྤེལ་དུས།  2016-01-11

    སྤྱིར་ན་དགུན་དུས་མི་རྣམས་ལ་ཆམ་ནད་རྒྱག་སླ་པོ་ཡོད་ཅིང་། དེ་དུས་སྨན་ཁོ་ནར་མི་བསྟེན་པར་རང་གསོ་རང་གཅེས་བྱེད་པའི་གོམས་གཤིས་བཟང་པོ་འགའ་ལ་བརྟེན་ན་ཆམ་པ་མི་ཕོག་པའི་སྔོན་འགོག་ཡོང་ལ། ཆམ་པ་ཕོག་ཀྱང་དྲག་སྐྱེས་ཡོང་རྒྱུར་ཕན་པ་ཡོད།

    1.ཆུ་འཁོལ་མང་པོ་བཏུང་ན་ཕན་ཞིང་། ཆུ་འཁོལ་གྱིས་ཁྲག་རྒྱུན་ནང་གི་དུག་རྒྱུ་ཇེ་དྭངས་སུ་གཏོང་བ་དང་སྙིགས་མ་ཕྱིར་འབུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པས་ཆམ་ནད་ཀྱི་ནད་རྟགས་ཇེ་ཡང་དང་། ན་ཡུན་ཐུང་དུ་གཏོང་ཐུབ།

    2.ངལ་གསོ་ལེགས་པོ་བརྒྱབ་ན་ཕན་ཞིང་། དོན་དངོས་ཐོག་མིག་སྔར་ཆམ་ནད་གསོ་བར་ཕན་ནུས་ཆེ་བའི་སྨན་ཁྱད་པར་ཅན་ཞིག་མེད་པས་ངལ་གསོ་ལེགས་པོ་རྒྱག་པ་དང་ལུས་ཤུགས་ཟད་ཚད་ཇེ་ཉུང་དུ་གཏོང་བ་དང་ལུས་སྟོབས་འཕེལ་ན་ཆམ་ནད་དྲག་སྐྱེད་ཡོང་རྒྱུར་ཕན།

    3.གཉིད་འདང་ངེས་ཁུག་དགོས་ཤིང་། གཉིད་ལེགས་པོ་ཁུག་ན་ལུས་ཁམས་ཀྱི་རིམས་འགོག་ནུས་པ་ལེགས་སུ་ཕྱིན་ནས་ཆམ་ནད་གསོ་རྒྱུར་ཕན་པ་ཡོད། ད་དུང་ཆམ་པ་ཕོག་སྐབས་ཞག་ཚིལ་ཆེ་བའི་ཟས་རིགས་དང་ཆང་རག་འཛེམས་དགོས་པ་དང་། ཆམ་ནད་མ་དྲག་གོང་གཟུགས་པོ་འཁྲུད་རྒྱུ་མེད་པ། རྩོལ་ཤུགས་དྲག་པོ་བྱ་རྒྱུར་འཛེམས་དགོས་པ་སོགས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།