དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཞིས་རྩེ་གྲོང་ཁྱེར་འཚམས་འདྲི་ཚོགས་ཆུང་གིས་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་དང་དགེ་རྒན་ལས་བཟོ་བར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-11

    སོ་ནམ་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་འཚམས་འདྲི་ཚོགས་ཆུང་གིས་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དང་པོ་དང་གཉིས་པར་བསྐྱོད་དེ་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་དང་དགེ་རྒན་ལས་བཟོ་བར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ཕན་བདེ་ཁང་དུ་སླེབས་མ་ཐག་འཚམས་འདྲི་ཚོགས་ཆུང་གིས་བྱིས་པའི་ཕན་བདེ་ཁང་དང་པོའི་རྒྱས་བསྐྲུན་བསྐྱར་བསྐྲུན་དང་ཕན་བདེ་ཁང་གཉིས་པའི་གསར་འཛུགས་རྣམ་གྲངས་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་བ་དང་། བྱིས་པ་ཚོའི་སྨན་ཁང་དང་། ཉལ་ཁང་། ཟ་ཁང་དང་སློབ་སྦྱོང་བྱ་ཡུལ་སོགས་སུ་ལྟ་ཞིབ་ཞིབ་ཕྲ་གནང་བ་དང་ཆབས་ཅིག་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པའི་འཚོ་བ་དང་། སློབ་སྦྱོང་། བདེ་ཐང་སླར་གསོ། སྨན་བཅོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    འཚམས་འདྲི་ཚོགས་ཆུང་གིས་བྱིས་པའི་ཕན་བདེ་ཁང་གི་དགེ་རྒན་ལས་བཟོ་བ་ཚོའི་དཀའ་སྤྱད་འབད་བརྩོན་ལ་ཁས་ལེན་བྱས་རྗེས། བྱིས་པའི་ཕན་བདེའི་བྱ་གཞག་དོན་གཉེར་བྱ་རྒྱུ་ནི་བླ་ན་མེད་པ་ཞིག་རེད། དེའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་བརྩེ་སེམས་ལྡན་དགོས་པ་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ཡོད་དགོས། རེ་བར་ཁྱེད་རྣམས་ཀྱིས་ལས་བཀུར་ལེགས་སྐྱེས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བྱས་ནས་ལྟ་སྐྱོང་ཞིབ་ཚགས་དང་དཀའ་སྤྱད་འབད་བརྩོན་ངང་ལས་ཀ་བསྒྲུབས་ཏེ་བྱིས་པའི་ཕན་བདེ་ཁང་དེ་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ཐུབ་པ་བྱས་ཐོག ཁོ་ཚོ་བྱིས་པ་གཞན་དང་འདྲ་བར་སྐྱོན་བྲལ་དང་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བ་བྱེད་པ་དང་བྱིས་པ་ཚོས་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་གངས་ལེཌ་ཚོར་བ་བྱེད་དགོས།

    བྱིས་པའི་ཕན་བདེ་ཁང་གི་ལས་དོན་མི་སྣས་ཕྱིན་ཆད་ཀྱི་ལས་ཀའི་ཁྲོད《བྱིས་པའི་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིའི་རྩ་བའི་ཚད་གཞིའི》བླང་བྱ་གཞིར་བཟུང་། རང་གི་ལེགས་ཆར་བརྟེན་ནས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་བྱིས་པར་ཞབས་འདེགས་ཞུས་ནས་བྱིས་པའི་ཕན་བདེ་ཁང་དེ་དྭ་ཕྲུག་དང་བསྐྱུར་ཕྲུག་གསོ་ཉར་ལྟེ་གནས་དང་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས་སུ་ཧུར་ཐག་འགྱུར་བ་བྱས་ནས་བྱིས་པའི་ཕན་བདེའི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།