ཁུག་རྟ
ཕྱིའི་གཟུགས།ཡུལ་ལྗོངས།འགུལ་སྟངས།
གནག་ཅིང་སྣུམ་པའི་སྒྲོ་སྤུ།
མྱུར་ལ་ཡང་ཟོར་ལྡན་པའི་གཤོག་ཟུང་།
ཇེམ་ཙེ་ལྟ་བུའི་མཇུག་སྒྲོ།
སྦྲང་ཆར། དྲོ་འཇམ་རླུང་བུ།
ཤིང་སྡོང། རྩྭ་ལྗང་།གཡུ་ལོ། མེ་ཏོག
མདའ་འཕངས་པ་ལྟར་ཟུར་གྱིས་འཕུར་བ།འཕྲེད་དུ་འཕུར་བ། ཆུ་ངོས་ལ་བརྡབས་པ།
གློག་སྐུད་སྟེང་གི་ནག་ཐིག་དེ་དག་ནི་ཁུག་རྟ་ཡིན་པ་ཤེས་རྟོགས་ཐུབ།
དུས་བཞི།
དཔྱིད་ཀ དབྱར་ཁ། སྟོན་ཁ། དགུན་ཁ།
ཆར་པ། མེ་ཏོག འབྲུག་སྒྲ ས་དྲོས། ལུས་རྒྱག ཞིང་འདེབས།
སེར་པོ། སྨིན། ཞིང་རྔ། གངས་འཁྱགས། རེངས་འཁུམས།
སློབ་ཚན་དབྱེ་ཞིབ་ཅེས་པ་ནི་དགེ་རྒན་ནས་སློབ་མར་སློབ་ཚན་ནན་ཏན་གྱིས་ཡང་ནས་ཡང་དུ་སྒྲ་དག་པོས་ཀློག་སྟེ་འབྱོང་པོ་ཡོང་བར་བྱེད་པ་དང་དུས་མཚུངས། སློབ་ཚན་དེའི་བརྡ་ཆད་རེ་རེ་དང་མིང་ཚིག་རེ་རེ། དུམ་མཚམས་རེ་རེའི་ནང་དོན་ལ་བསམ་གཞིག་ལེགས་པོ་བྱས་ཏེ་གོ་བ་གཏིང་ཟབ་ལོན་ཐབས་བྱེད་པའི་བརྒྱུད་རིམ་གྱི་གནད་དོན་ཞིག་ལ་བརྗོད་པ་ཡིན་།
ང་ཚོས་སློབ་ཚན་སྒྲ་དག་པོ་དང་འབྱོང་པོ་ཀློག་ཐུབ་པ་བྱ་རྒྱུ་ནི་སློབ་ཚན་ཞིག་གི་ནང་དོན་ལ་དབྱེ་ཞིབ་བྱེད་པའི་ལམ་དུ་འཇུག་པའི་གོམ་པ་དང་པོ་དེ་ཡིན་ལ། དེའི་ཞོར་དུ་གོང་དུ་བརྗོད་པ་ལྟར་དབྱེ་ཞིབ་བྱ་རྒྱུའི་སློབ་ཚན་དེའི་མིང་ཚིག་རེ་རེ་དང་དུམ་མཚམས་རེ་རེའི་ནང་དོན་ལ་དེ་བས་བསམ་གཞིག་དང་གོ་བ་གཏིང་ཟབ་ལོན་ཐུབ་པ་བྱ་རྒྱུ་ནི་སློབ་ཚན་ཞིག་གི་ནང་དོན་ལ་དབྱེ་ཞིབ་བྱེད་པའི་ལམ་དུ་འཇུག་པའི་གོམ་པ་གཉིས་པ་དེ་ཡིན། ད་ལྟ་རང་ཉིད་ནས་ལོ་མང་སློབ་གསོ་སློབ་ཁྲིད་ལམ་ལ་ཞུགས་པའི་ཉམས་མྱོང་ལས་ལོ་རིམ་མཐོ་དམའ་གཉིས་སུ་དབྱེ་སྟེ་སློབ་ཆུང་སློབ་མར་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱེད་སྟངས་ཁྲིད་སྟོན་ཐད་གཤམ་གྱི་གནད་དོན་འགའ་ཙམ་ཞིག་གླེང་ཆོག་པ་སྟེ།
གཅིག ལྷག་པའི་གནད་དོན།
སློབ་གསོ་སློབ་ཁྲིད་ཁྲོད་ང་ཚོ་སློབ་ཆུང་དགེ་རྒན་མང་ཆེ་བས་རྒྱུན་གཏན་ཞོགས་པའི་རང་སྦྱོང་དང་ཕྱི་དྲོའི་རང་སྦྱོང་སྐབས་སློབ་མར་སྦྱང་གཞི་འབོར་ཆེན་ཞིག་སྐུལ་རྐྱང་མ་གཏོགས་ལྟ་ཀློག་གི་སྦྱོང་བརྡར་གོ་སྐབས་སྤྲོད་རྒྱུ་ཧ་ཅང་ཉུང་བའི་རྐྱེན་གྱིས་ད་དུང་ཡང་སློབ་མས་སློབ་ཚན་གྱི་ནང་དོན་དང་བརྗོད་སྙིང་རྟོགས་པའི་དཀའ་གནད་དུ་གྱུར་ཡོད་པས། དེའི་ཐད་ང་ཚོ་རྒྱ་ཆེའི་སློབ་གསོ་སློབ་ཁྲིད་ཀྱི་དགེ་རྒན་ཚང་མས་དོ་སྣང་དང་ཤུགས་སྣོན་རྒྱག་དགོས་འདུག་སྙམ། གོང་གསལ་ལྷག་པའི་གནད་དོན་ཁག་ང་ཚོས་སློབ་རིམ་ཁག་གཉིས་སུ་དབྱེ་སྟེ་ཐག་གཅོད་བྱས་ཆོག་པ་ཞིག་ཡིན།
གཉིས། ལོ་རིམ་དམའ་བའི་སློབ་མར་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱེད་སྟངས་ཁྲིད་སྟོན་བྱེད་ཐབས།
སློབ་ཆུང་ལོ་རིམ་དྲུག་དེ་མཐོ་དམའ་གཉིས་སུ་དབྱེ་བ་ནི་ལོ་རིམ་དང་པོ་ནས་གསུམ་པ་བར་ལོ་རིམ་དམའ་བ་དང་བཞི་པ་ནས་དྲུག་པ་བར་མཐོ་བར་དབྱེ་ཆོག་པ་ཡིན། འོ་ན་ང་ཚོས་ལོ་རིམ་མཐོ་དམའ་གཉིས་ཀྱི་སློབ་མས་རྒྱུན་གཏན་སློབ་ཚན་ཞིག་གི་ནང་དོན་དང་བརྗོད་སྙིང་ཇི་ལྟར་རྟོགས་ཐབས་བྱེད་དགོས་སམ་ཞེ་ན། ལོ་རིམ་དང་པོ་ནས་གསུམ་པ་བར། ཐེངས་འདིར་འཁྲིད་བྱའི་སློབ་ཚན་གྱི་དུམ་མཚམས་དང་སློབ་ཚན་ཧྲིལ་པོའི་ནང་དོན་ཤེས་རྟོགས་ཐད་སྔོན་ལ་དགེ་རྒན་རང་ཉིད་ནས་ལོ་རིམ་དེ་དག་གི་སློབ་མར་སློབ་ཚན་དེ་ཉུང་མཐར་ཐེངས་གཉིས་ནས་གསུམ་བར་གྱི་ཀློག་སྦྱོང་གི་སྦྱོང་བརྡར་ལེགས་པོ་སྤྲོད་པ་དང་། ཀློག་སྦྱོང་གི་ཁྲོད་དུ་དགེ་རྒན་ནས་སློབ་མས་སློབ་ཚན་དེའི་ནང་གི་གནད་འགག་ཆེ་སའི་བརྡ་ཆད་དང་མིང་ཚིག་ཁག་ལ་དམིགས་བསལ་གྱིས་ནན་ཀློག་དང་ནན་བཤད་བྱས་ཏེ་དེ་དག་གི་ནང་དོན་ལ་གོ་བ་ཅུང་ཟད་ལོན་ཐུབ་པའི་གོམས་གཤིས་སྤྲད་རྗེས་གོམ་པ་རིམ་འགྲོས་ཀྱིས་ལོ་རིམ་དམའ་བའི་སློབ་མས་སློབ་ཚན་གྱི་ནང་དོན་ལ་གོ་བ་ལོན་ཐབས་ཀྱི་རྒྱུས་མངའ་ལམ་ཙམ་ཡོང་བ་བྱེད་དགོས།
དཔེར་ན། སློབ་ཆུང་ལོ་རིམ་གཉིས་པ་གསུམ་པའི་ནང《དུས་བཞི》ཞེས་པའི་སློབ་ཚན་དེ་ལ་ཆ་བཞག་ན། སློབ་ཚན་དེའི་ནང་དོན་དང་འབྲེལ་བ་ངེས་གཏན་ཡོད་པའི་བརྡ་ཆད་“དཔྱིད་ཀ། དབྱར་ཁ། སྟོན་ཁ། དགུན་ཁ”བཅས་ལས་དུས་བཞིའི་རྣམ་པ་དང་ཁྱད་ཆོས་མཚོན་པའི་ཚིག་ལ་གོ་བ་བླངས་ཏེ་དབྱེ་ཞིབ་བྱེད་སྟངས་འདི་ལྟར་བསླབ་ན་འཚམ་པ་གཤམ་གསལ།
ལ་སོགས་པའི་སྟབས་བདེའི་འཆར་འགོད་སྤྱད་དེ་དུས་བཞིའི་རྣམ་པ་མཚོན་ཐབས་ཀྱིས་གོ་བ་ལོན་དུ་བཅུག་ན་ལོ་རིམ་དམའ་བའི་སློབ་མས་སློབ་ཚན་གྱི་ནང་དོན་གསལ་རྟོགས་ཐུབ་ངེས་ཡིན།
གསུམ། ལོ་རིམ་མཐོ་བའི་སློབ་མར་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱེད་སྟངས་ཁྲིད་སྟོན་བྱེད་ཐབས།
སློབ་ཆུང་ལོ་རིམ་བཞི་པ་ནས་དྲུག་པའི་སློབ་མར་སློབ་ཚན་གྱི་མིང་ཚིག་ཁག་དང་དུམ་མཚམས། སློབ་ཚན་དེའི་གཙོ་བོའི་ནང་དོན་དང་བརྗོད་སྙིང་སོགས་གཏིང་ཟབ་ཤེས་རྟོགས་ཐུབ་རྒྱུར་གཙོ་བོ་དེ་རྒྱུན་གཏན་དགེ་རྒན་ནས་སློབ་མར་སྔ་དགོང་གཉིས་སུ་ལྟ་ཀློག་གི་སྦྱོང་བརྡར་མང་ཙམ་སྤྲོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།
ཉེ་བའི་ནང། དགེ་རྒན་མང་དག་ཅིག་གིས་སྲོལ་རྒྱུན་ཁྲིད་ཐབས་སྤྱད་དེ་ཐོག་མར་དགེ་རྒན་ནས་སློབ་ཚན་དེ་རགས་ཙམ་ཀློག་པ་ལས་སློབ་མར་ཀློག་སྦྱོང་གི་གོ་སྐབས་དེ་ཙམ་མི་སྤྲོད། དེ་ནས་སློབ་ཚན་དབྱེ་ཞིབ་སྐབས་ལ་ཡང། ངག་ཐོག་གམ་ནག་པང་སྟེང་དུ་དུམ་མཚམས་དེའི་ནང་གི་གཙོ་བོ་དེ་བཤད་ཡོད་པ་དང། དུམ་མཚམས་དེའི་ནང་གི་གཙོ་བོ་དེ་བཤད་ཡོད་ཅེས་སྟབས་བདེའི་ཐོག་ནས་ཤོད་པའམ་བྲིས་ཏེ་སློབ་ཕྲུག་རང་ཉིད་ཀྱི་ཟིན་དེབ་ཐོག་མགྱོགས་ནས་མྱུར་དུ་བཤུ་རུ་བཅུག་རྐྱང་བྱེད་པའི་ཐབས་ཀྱི་ཐོག་ནས་དབྱེ་ཞིབ་བྱེད་པ་ལས་སློབ་མས་གོ་བ་ལོན་བདེ་བའི་ཆེད་དུ་བརྡ་ཆད་དང་མིང་ཚིག་སོགས་ཀྱི་ནང་དོན་མཚོན་པའི་འཆར་འགོད་སྟབས་བདེ་སྤྱད་དེ་དབྱེ་ཞིབ་རྩ་བ་ནས་གནང་གི་མེད། དབྱེ་ཞིབ་བྱེད་པའི་བྱ་ཐབས་དེས་སློབ་མའི་བསམ་གཞིག་བྱེད་པའི་གོ་སྐབས་དང་རིག་སྟོབས་འཕེལ་ཕྱོགས། དེ་བཞིན་རྒྱུན་གཏན་སློབ་མས་སློབ་ཚན་ཉན་སེམས་དང་སློབ་སྦྱོང་ལ་དགའ་ཞེན་བྱེད་པའི་བསམ་བློའི་ཐད་ཤུགས་རྐྱེན་ངན་པ་ཐེབས་སྲིད།
དེ་ཡང་མཐོ་རིམ་སློབ་མས་སློབ་ཚན་ཞིག་གི་ནང་དོན་གཏིང་ཟབ་ཤེས་རྟོགས་ཐུབ་རྒྱུའི་ཐད་རྒྱ་ཆེའི་སྐད་ཡིག་སློབ་ཁྲིད་པ་དགེ་བའི་བཤེས་གཉེན་ཚང་མས་ཐོག་མར་རང་གིས་མཛུབ་ཁྲིད་བྱེད་ཡུལ་གྱི་སློབ་མར་སློབ་ཚན་འདི་ཐེངས་གཉིས་ནས་གསུམ་ཡན་སྒྲ་དག་ཅིང་འབྱོང་པོ་ཀློག་ཐུབ་པའི་ནུས་རྩལ་སྦྱོང་བརྡར་སྤྲོད་དགོས་ལ། ཀློག་དུས་ཀྱང་ནན་ཏན་གྱིས་སློབ་ཚན་ནང་ཐོན་པའི་བརྡ་ཆད་གསར་པ་དང་མིང་ཚིག་གསར་པ་ཁག་ལ་གོ་བ་ཡག་པོ་ལོན་དུ་འཇུག་དགོས། དཔེར་ན། དེ་ཡང་དོན་ཁག་ལ་སྦྱར་བའི་དཔེ་སྟེ་སློབ་ཆུང་ལོ་རིམ་དྲུག་པའི་བོད་སྐད་ཡིག《རིག་པ་ཅན་གྱི་ཨ་མ》ཞེས་པའི་སློབ་ཚན་ནང“ ལུང་པ་ཁ་བྱང་ལྟར་ཉི་མ་མི་འཆར་བ” དང“སྤྲིན་ནག་པོ་ལྡིང་བ” “སྐར་མ་སྨིན་དྲུག་འཆར་བ” “གཉེན་ཚན་གྲོང་པ་བདུན་པོ”སོགས་པའི་གབ་ཡིག་གི་ནང་དོན་དང་ལོ་རིམ་བཞི་པའི་བོད་སྐད་ཡིག་སློབ་ཚན《མཐུན་པ་སྤུན་བཞི》ཞེས་པའི་ནང“འོ་ཆུ་གཅིག་འདྲེས”ལྟ་བུའི་དཔེ་དེ་དག་དང་དུམ་མཚམས་སོ་སོའི་གཙོ་བོའི་ཚིག་ལ་གོ་བ་གཏིང་ཟབ་ལོན་དུ་འཇུག་རྒྱུའི་ལས་དོན་ཐད་ཤུགས་སྣོན་བརྒྱབ་ན་སློབ་མས་སློབ་ཚན་ཁག་གི་ནང་དོན་གཏིང་ཟབ་ཤེས་རྟོགས་ཐུབ་རྒྱུར་རྨང་རྡོ་བརྟན་པོ་ཞིག་འདིང་ཐུབ་ངེས་ཡིན།
མ་ཟད་ད་ཆ་སློབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་དམིགས་ཚད་དང་ཁྲིད་ཐབས་ལ་བརྟེན་ནས་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱེད་ཐབས་ཐད་འགྱུར་བ་ཆེན་པོ་སོང་སྟེ་སློབ་མས་སློབ་ཚན་གྱི་ནང་དོན་གཏིང་ཟབ་ཤེས་རྟོགས་ཐད་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད། སློབ་ཚན་གྱི་དུམ་མཚམས་སོ་སོའི་ནང་དོན་དང་སློབ་ཚན་ཧྲིལ་པོའི་ནང་དོན་དབྱེ་ཞིབ་བྱེད་ཐབས་ཐད་ང་ཚོས་གཤམ་གྱི་འགྲོས་རིམ་དང་འཆར་འགོད་དཔེ་རིས་ལ་བེན་ནས་ཁྲིད་ཐབས་སྤྱད་ན་སློབ་མས་སློབ་ཚན་གྱི་ནང་དོན་གོ་བ་གང་མགྱོགས་ལེན་ཐུབ་ཅིང་གཏིང་ཟབ་ཤེས་ཐུབ་པར་སྨན་པ་སྟེ།
སློབ་ཆུང་ལོ་རིམ་ལྔ་པའི་བོད་སྐད་ཡིག་གི་སྨད་ཆའི་སློབ་ཚན《རྟ》ལྟ་བུར་ཆ་བཞག་ན།
1. སྔོན་ལ་དགེ་རྒན་ནས་སློབ་ཚན་དེ་སྒྲ་དག་པོས་ཐེངས་གཅིག་བཀླགས་རྗེས་ཚོགས་ཆུང་ཁག་བགོས་ཀྱིས་སློབ་ཚན་གྱི་དུམ་མཚམས་རེ་རེ་ཀློག་ཏུ་འཇུག་རྒྱུ།
2. སློབ་མ་ཡོངས་ཀྱིས་མཉམ་དུ་ཐེངས་གཅིག་གཉིས་་ཀློག་ཏུ་བཅུག་རྗེས་དགེ་རྒན་ནས་ཐེངས་འདིར་སློབ་མས་ཀློག་སྟངས་དང་གཅོད་མཚམས་ཐད་ནོར་འཛོལ་བྱུང་བ་དག་དག་བཅོས་བྱེད་པ་མ་ཟད། ཅུང་གོ་དཀའ་བའི་བརྡ་ཆད་དང་མིང་ཚིག་ཁག་གི་གོ་དོན་ངག་ཐོག་ནས་གསལ་འགྲེལ་བྱེད་པའམ་ཡང་ན་ནག་པང་དང་སྣེ་མང་སྨྱན་ཆས(多媒体)ཐོག་ནས་གསལ་འགྲེལ་བྱས་ཏེ་སློབ་མ་རང་ཉིད་ཀྱི་ཟིན་དེབ་ཐོག་བཤུ་རུ་བཅུག་རྗེས་བློ་རུ་ངེས་སུ་བཅུག་ན་སློབ་ཚན་གྱི་ནང་དོན་གསལ་རྟོགས་ཐུབ་རྒྱུར་ཕན་པ་ཆེ།
3. ཐེངས་དེར་ང་ཚོས་དབྱེ་ཞིབ་བྱེད་པའི་སློབ་ཚན《ཁུག་རྟ》ཞེས་པ་དེ་ཡིན་པས་དགེ་རྒན་ནས་སློབ་མས་ཁུག་རྟའི་ཁྱད་ཆོས་མཚོན་པའི་ཚིག་ཁག་ལ་གོ་བ་ནན་པོ་ལེན་དུ་བཅུག་ན་དེ་བས་སློབ་མས་སློབ་ཚན་གྱི་ནང་དོན་ཤེས་རྟོགས་སླའོ།
4. གཤམ་དུ་ང་ཚོས་དངོས་སུ་འཆར་འགོད་དཔེ་རིས་ལ་བརྟེན་ནས་སློབ་མར་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱེད་སྟངས་སྤྱད་རྒྱུ་སྟེ།
དེ་དང་དེ་འདྲ་བའི་སློབ་ཁྲིད་ཀྱི་བྱ་ཐབས་སྤྱད་དེ་སློབ་མས་སློབ་ཚན་གང་རུང་ཞིག་གི་ནང་དོན་གཏིང་ཟབ་ཤེས་ཐུབ་པ་བྱ་རྒྱུ་མ་ཟད། སློབ་མས་རྒྱུན་གཏན་ཕྱི་རོལ་ཡུལ་གྱི་སྲོག་ཆགས་དང་། མི་སྣ། ཡུལ་ལྗོངས་སོགས་ལ་རྟོག་ཞིབ་ནན་པོ་བྱས་ཏེ་དེ་དག་གི་ཁྱད་ཆོས་གསལ་པོར་འཛིན་ཐུབ་པའི་ཐབས་ཇུས་རྟོགས་པ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
མདོར་ན། སློབ་མས་སློབ་ཚན་ཞིག་གི་ནང་དོན་དབྱེ་ཞིབ་བྱེད་པའི་ནུས་པ་སྐྱེད་སྲིང་ཐུབ་ཆེད་དང་སློབ་མས་སློབ་ཚན་གྱི་ནང་དོན་གཏིང་ཟབ་རྟོགས་ཕྱིར། རྒྱུན་དུ་དགེ་རྒན་ནས་སློབ་གསོ་སློབ་ཁྲིད་བྱ་ཐབས་ཁག་ནང་བྱན་ཆུད་པའི་ཁར། སློབ་མར་སློབ་ཚན་ཀློག་སྦྱོང་གི་གོ་སྐབས་མང་ཙམ་དང་སློབ་མ་རང་ཉིད་ལ་བསམ་གཞིག་གི་གོ་སྐབས་མང་ཙམ་སྤྲོད་པ་མ་ཟད། སློབ་མའི་རིག་སྟོབས་འཕེལ་ཕྱོགས་ལ་སྨན་པའི་འཆར་འགོད་གསར་པའི་ཐབས་ཇུས་གང་ལེགས་སྤྱད་དེ་སློབ་ཁྲིད་ཚད་ལྡན་ཡོང་བ་སོགས་ཀྱི་བྱ་བར་ཤུགས་སྣོན་རྒྱག་རྒྱུ་དེ་ང་ཚོའི་དོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ནོ། (ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གྲ་ཕྱི་ཤང་རྣམ་སྲས་གླིང་སློབ་ཆུང་། དབང་ལྡན)