དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱེད་སྒོ་སྤེལ་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-08

    0108et1.jpg

    ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་སྟེང་ཆེན་རྫོང་གི་ས་ཐག་རིང་བའི་གཏམ་སྟོད་ཤང་དུ་ཚན་རྩལ་དང་། འཕྲོད་བསྟེན། བཅའ་ཁྲིམས། རིག་གནས། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་དམངས་ཕན་ཞབས་ཞུའི“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་བརྡ་ཁྱབ་ཤོག་ལྷེ་200ཙམ་དང་།《ཆབ་མདོ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་སྔོག་བསྡུའི་དོ་དམ་བྱ་ཐབས》《ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་དཔྱད་ཡིག》《ཆོས་ལུགས་ལས་དོན་སྲོལ་ཡིག》《“དྲུག་ལྔའི”ཁྲིམས་ལུགས་དྲིལ་བསྒྲགས་ལག་དེབ》སོགས་དྲིལ་བསྒྲགས་དཔྱད་གཞི་2300ལྷག་དང་། སྒོར་2477རི་བའི་སྨན་རྫས། སྐྱེད་མའི་སྦྲག་ཐོག་བསྐུར་མ20བཅས་སྤྲད་པར་བརྟེན། མང་ཚོགས་800ཙམ་ལ་ཕན་པ་ཐོབ་པ་མ་ཟད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།