དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་མཆིན་པའི་ཐུམ་འབུའི་ནད་ཕོག་མཁན་ཆིག་སྟོང་ལ་སྐྱོབ་རོགས་བྱེད་པའི་བྱ་སྤྱོད”སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-01-08

    ཉེ་ཆར་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་སྐུལ་སློང་བྱས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་302སྨན་ཁང་གིས་འགན་ཁུར་བའི“བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་མཆིན་པའི་ཐུམ་འབུའི་ནད་ཕོག་མཁན་ཆིག་སྟོང་ལ་སྐྱོབ་རོགས་བྱེད་པའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་། ཁག་དང་པོའི་ནད་པ་5པེ་ཅིང་དུ་སྨན་རིན་མི་དགོས་པའི་སྨན་བཅོས་པར་འབྱོར་བ་རེད།

    མིག་སྔར་ཐུམ་འབུའི་ནད་དེ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་བཟོ་བའི་འགོ་ནད་ཚབས་ཆེན་ཞིག་དུ་གྱུར་ཡོད། “བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་ཐུམ་འབུའི་ནད་ཕོག་མཁན་ཆིག་སྟོང་ལ་སྐྱོབ་རོགས་བྱེད་པའི་བྱ་སྤྱོད”དེ་2015ལོའི་ཟླ་11པའི་ཟླ་འགོར་སྤེལ་འགོ་ཚུགས་ཤིང་། 302སྨན་ཁང་གིས་ཆེད་མངགས་རིགས་གཅིག་མཁས་ཅན་དང་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་ས་དགའ་རྫོང་དུ་ཡོང་ནས། ས་ཆ་དེ་གའི་སྨན་བཅོས་ཚན་པའི་གཞོགས་འདེགས་འོག་འབྲོག་ཁུལ་གྱི་འབྲོག་པར་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་དང་། ནད་རྟགས་དེ་འདྲ་བའི་ནད་པ་251ལ་བརྟག་དཔྱད་བྱས་པའི་ནང་ནད་པ་91གི་ནད་རྟགས་གཏན་འཁེལ་བྱས་པ་དང་ནད་པ་དེ་དག་ཁག་དབྱེ་ནས་པེ་ཅིང་དུ་གཤག་བཅོས་སྨན་བཅོས་བྱེད་པར་འགྲོ་རྒྱུ་རེད།

    ད་ཐེངས་པེ་ཅིང་དུ་སྨན་བཅོས་བྱེད་པར་བསྐྱོད་པའི་ཁག་དང་པོའི་ནད་པ་ཚང་མ་བོད་རིགས་ས་ཁུལ་དུ་འཚོ་བ་སྐྱེལ་མཁན་འབྲོག་པ་ཡིན་པ་དང་། ནད་གཞི་དེ་མཆིན་པའི་གཡོན་ངོས་སུ་ཐོན་སྟབས་ནད་ཕོག་ཁྱོན་ལི་སྨི་བཅུ་ཙམ་ཟིན་ཏེ་ནད་གཞི་ཚབས་ཧ་ཅང་ཆེན་པོ་ཡོད་པ་རེད། 302སྨན་ཁང་གི་མཆིན་མཁྲིས་ཕྱི་ནད་ཁོའོ་ལྟེ་གནས་གཉིས་པའི་ཀྲུའུ་རེན་ལིའུ་ཀྲེན་ཝུན་གྱིས་ནད་པ་ཁག་དང་པོའི་ཁྲོད་ལ་ལ་ནི་གཤགས་བཅོས་བྱས་རྗེས་ནད་ལོག་བརྒྱབ་པ་ཡིན་པ་དང་། ལྟོ་བ་སྐྲངས་སྦོས་དང་ན་ཟུག་རྒྱག་པ་སོགས་ཀྱི་ནད་རྟགས་ཧ་ཅང་མངོན་གསལ་དོད་པོ་ཡོད། གོམ་སྟབས་རྗེས་མར་ང་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་གང་མགྱོགས་གཤགས་བཅོས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།