དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་གཉིས་སྐྱེ་བར་ཞིབ་བཤེར་མཆན་འགོད་བྱེད་དགོས་ཀྱི་མེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-01-07

    ཚེས་5ཉིན་ཁྱབ་བསྒྲགས་བྱས་པའི《ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ནས་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》གཞིར་བཟུང་རང་རྒྱལ་གྱིས་བུ་བཙའ་ཐོ་འགོད་ཞབས་ཞུའི་ལམ་ལུགས་ལག་ལེན་བསྟར་ནས་ཕྲུ་གུ(གཉིས་ཚུད་པ)གཉིས་ནང་ཚུན་སྐྱེ་མཁན་ལ་ཞིབ་བཤེར་མཆན་འགོད་བྱེད་མི་དགོས་པ་དང་། ཁྱིམ་ཚང་གིས་རང་མོས་ངང་ཕྲུ་གུ་བཙའ་རྒྱུ་བཀོད་སྒྲིག་བྱས་ཆོག་གི་ཡོད། དེ་ནི“ཕྲུ་གུ་སྐྱེ་ཆོག་པའི་ལག་ཁྱེར”ལམ་ལུགས་ལོ་མང་ལག་ལེན་བསྟར་རྗེས་རང་རྒྱལ་གྱི་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་གྱི་སྒྱུར་བཅོས་གལ་ཆེན་ཞིག་རེད།

    ཡིག་ཆ་དེ་ནི་རང་རྒྱལ་གྱི་ཆེས་མཐོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མི་རིང་བའི་གོང་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་རྗེས་ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་བར་སྔར་བས་གཏན་འབེབས་བྱས་པ་ཞིག་རེད། ཡིག་ཆའི་ནང་འཆར་ལྡན་བུ་བཙའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་ནས་འཆར་ལྡན་བུ་བཙའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། དམིགས་ཚད། རྩ་དོན། ལས་འགན་གཙོ་བོ། བྱེད་ཐབས་བཅས་ཁ་གསལ་དུ་བཏང་ཡོད་པ་རེད།

    གཏན་འབེབས་ནང་བསྟན་དོན། དེང་སྐབས་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་ནི་དུས་བབ་གསར་པའི་འོག་འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད།

    གཏན་འབེབས་ནང་བཏོན་དོན། ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་2020ལོར་སླེབས་སྐབས་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་ལམ་ལུགས་དང་ཁྱིམ་ཚང་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་མ་ལག་ཅུང་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། སྤྱི་ཚོགས་དེའི་ནང་རྒྱ་ཁྱབ་ངང་ཞུགས་པ། མང་ཚོགས་ཀྱིས་ཡིད་རྟོན་རང་གཅུན་བྱེད་པ་བཅས་ཀྱི་ཕྱོགས་མང་མཉམ་བཅོས་ཀྱི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་པ་བྱས་ཏེ་འཆར་ལྡན་བུ་བཙའི་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། བཀོད་སྒྲིག་ལུགས་མཐུན། ནུས་པ་ཆ་ཚང་། སྟབས་བདེ་ཕན་ཆེ་བཅས་ཀྱི་མ་བུ་འཕྲོད་སྦྱོར་གྱི་འཆར་ལྡན་བུ་བཙའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཚང་མས་འཆར་ལྡན་བུ་བཙའི་སྤུས་ལེགས་ཞབས་ཞུ་སྤྱིར་ན་ལོངས་སྤྱོད་ཐུབ་པ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོགས་འདུའི་གྲོས་རིམ་དོན་འཁྱོལ་བྱེད་དགོས་པ། བུ་བཙའི་ཆུ་ཚད་འོས་འཚམ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་མི་གྲངས་བསྡོམས་འབོར་འཆར་འགོད་དམིགས་ཚད་ནང་ཚོད་འཛིན་ཐུབ་པ་བྱེད་དགོས།

    ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་བརྟན་ལ་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་ཆེད་གཏན་འབེབས་ནང་བཏོན་དོན། ཁྲིམས་ལྟར་ཀུན་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་སྒྲིག་འཛུགས་བྱས་ནས་བུ་བཙའི་ཞབས་ཞུའི་དོ་དམ་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་། གསར་སྐྱེས་ཕྲུ་གུར་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལུགས་མཐུན་ངང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་བཅས་བྱེད་དགོས།

    གཏན་འབེབས་ནང་ད་དུང་བླང་བྱ་བཏོན་དོན། འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་འཆར་ལྡན་བུ་བཙར་ཕན་པའི་ཁྱིམ་ཚང་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་མ་ལག་བསྐྲུན་ཏེ་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    གཏན་འབེབས་ནང་འཆར་ལྡན་བུ་བཙའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ལོ་40ལྷག་ཙམ་སོང་བའི་བརྒྱུད་རིམ་ནང་རང་རྒྱལ་གྱི་མི་འབོར་ཤུགས་ཆེན་འཕར་བའི་རྣམ་པར་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་པ། བུད་མེད་དང་བྱིས་པའི་འཕེལ་རྒྱས་གནས་ཚུལ་ལེགས་སུ་ཤུགས་ཆེན་ཕྱིན་པ། མི་འབོར་གྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་ཕྱིར་རྨང་གཞི་བརྟན་པོ་བཏིང་ཡོད་ལ་འཛམ་གླིང་མི་འབོར་འཕེལ་རྒྱས་དང་དབུལ་པོའི་མི་འབོར་ཉུང་དུ་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།