དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དེ་ལྟར་བྱས་ན་བྱིས་པ་ན་ཚ་ཉུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-05

    1.ཨ་མའི་འོ་མ་སྟེར་དགོས། ཨ་མའི་འོ་མ་ནི་འཚོ་བཅུད་ལེགས་ཤོས་ཡིན། 

    2.རེག་པ། བྱིས་པའི་ལུས་ལ་ཤུགས་འཚམ་པོའི་ངང་འཕུར་མཉེད་བྱས་ན་ཁྲག་འཁོར་རྒྱུག་ལེགས་སུ་འགྲོ།

    3.ཆོས་ཉིད་ལྡན་པའི་འཚོ་བའི་གོམས་འདྲིས་དགོས། ལྷག་པར་བྱིས་པ་གཉིད་ཁུག་པའི་དུས་ཚོད་གདེང་བ་བྱེད་དགོས།

    4.ནད་འགོག་སྨན་ཁབ་རྒྱག་པ། སྨན་པའི་མངགས་བྱ་ལྟར་ནད་འགོག་ཁབ་དུས་ཐོག་རྒྱག་དགོས།

    5.བཟའ་བཅའ་འཚོ་བཅུད་འཛོམས་པོ་དགོས། ཟས་རིགས་མི་འདྲ་བར་འཚོ་བཅུད་མི་འདྲ་བ་ལྡན་ཡོད་པས་ཚང་མ་སྙོམས་པོ་བཟའ་དགོས།

    6.གྲོད་པ་རྒྱགས་དྲགས་རྒྱུ་མེད། གྲོད་པ་རྒྱགས་དྲགས་ན་ཕོ་བ་དང་མཚེར་པར་གནོད་པ་ཡོང་།

    7.ཟས་དལ་པོར་བཟའ་དགོས། དེ་ལྟར་བྱས་ན་ཕོ་བ་དང་མཚེར་པ་བདེ་ཐང་ཡོང་ལ་ཟས་འཇུ་བདེ།

    8.ཆུ་འཁོལ་མང་ཙམ་འཐུང་དགོས། ཁོག་ནང་གི་ནད་དུག་ཕྱིར་འབུད་དང་འབྱར་སྐྱི་ལ་གཤེར་ཚད་ཡོང་།

    9.གཙང་སྦྲར་དོ་སྣང་བྱེད་རྒྱུ་ཐལ་དྲགས་རྒྱུ་མེད། དེ་འདྲ་བྱས་ན་ནད་འགོག་ནུས་པ་འཕེལ་ཐུབ།

    10.ལག་པ་མང་ཙམ་འཁྲུ་བ། ཆམ་པར་སྔོན་འགོག་ཡོང་།

    11.ཁ་རླུང་གསར་པ་མང་ཙམ་འབྱིན་རྔུབ་བྱེད་དགོས། ཁང་པའི་སྒེའུ་ཁུང་ཡང་སེ་ཕྱེ་ནས་ཁ་རླུང་འཁོར་རྒྱུག་ཡག་པོ་ཡོང་བ་བྱེད་པ་དང་། ཕྱི་ལ་རྩེད་མོ་གང་འཚམ་རྩེད་དགོས།

    12.འཚོ་རྒྱུ་ཤིང(锌)མང་ཙམ་གསབ་དགོས། ནད་འགོག་ནུས་པ་འཕེལ་རྒྱུར་ལྷག་པར་ཕན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།