དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ན་བཅོས་སྤུས་ཚད་མཐོར་གཏོང་དང་ནད་པར་བདེ་འཇགས་ཡོང་ཐབས་ཀྱི་འབོད་སྐུལ་ཁག་བདུན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-28

    སྨན་བཅོས་འགན་ལེན་དང་ནད་པར་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་སྨན་བཅོས་ཞབས་ཞུའི་སྙིང་དོན་ཡིན། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་བཅོས་དོ་དམ་ལྟེ་གནས་དང་ཀྲུང་གོ་སྨན་ཁང་མཐུན་ཚོགས་ཀྱིས་ཚེས་19ཉིན་པེ་ཅིང་དུ་ཀྲུང་གོའི་ནད་པའི་བདེ་འཇགས་མནའ་འབྲེལ་འབོད་སྐུལ་བྱས་ནས་བཙུགས་པ་མ་ཟད། ཞིབ་ཕྲའི་བྱ་ཐབས་བདུན་བཏོན་ནས་སྨན་བཅོས་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་ནད་པར་སྨན་བཅོས་བདེ་འཇགས་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་བཅོས་དོ་དམ་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་དང་ཀྲུང་གོ་སྨན་ཁང་མཐུན་ཚོགས་ཀྱིས་མཉམ་དུ་འཚོགས་པའི2015ལོའི་ཀྲུང་གོའི་ནད་པའི་བདེ་འཇགས་ཚོགས་ཆེན་ཐོག་འབོད་སྐུལ་འདི་ལྟར་བྱས་པ་སྟེ། གཅིག་ནས་སྨན་བཅོས་བདེ་འཇགས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ལོ་ལྟར“ནད་པའི་བདེ་འཇགས་མནའ་འབྲེལ་གཟའ་འཁོར”གྱི་བྱེད་སྒོ་རེ་སྒྲིག་འཛུགས་བྱས་ཏེ་ནད་པའི་བདེ་འཇགས་ལ་སྣང་ཆེན་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་འབོད་སྐུལ་བྱེད་དགོས་པ་དང་། གཉིས་ནས་སྨན་བཅོས་བྱེད་སྒོའི་ནང་ནད་པ་ཞུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ནད་པ་དང་ནད་པའི་ནང་མི་སྨན་བཅོས་བྱེད་སྒོའི་ལྟེ་བའི་གནས་བབ་ཐོག་འཇོག་པ་དང་། ནད་པ་དང་དེའི་ནང་མི་སྨན་བཅོས་ཞབས་ཞུ་ཚོགས་པའི་ཁོངས་མི་ཧུར་བརྩོན་ཅན་ལ་བརྩིས་ནས་ནད་པས་རང་ངོས་ཀྱི་གཟུགས་པོའི་གནས་སྟངས་ལ་དོ་དམ་ནུས་ལྡན་ཡོང་བ་བྱེད་དགོས། གསུམ་ནས་ནད་པའི་བདེ་འཇགས་ཀྱི་གྲངས་གཞི་ཆེན་པོ་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཀྱི་སྤུས་ཚད་དང་ནད་པའི་བདེ་འཇགས་ཐད་ཀྱི་སྨན་བཅོས་ཀྱི་གྲངས་གཞི་ཆེན་པོའི་ནུས་པ་ཆེན་པོ་ལེགས་པར་འདོན་དགོས་པ། བཞི་ནས་ནད་པའི་གཤགས་བཅོས་བདེ་འཇགས་ཀྱི་དོ་དམ་བྱ་བར་ཤུགས་སྣོན་བརྒྱབ་ནས་གཤགས་བཅོས་བྱ་ཡུལ་ནད་པའི་བདེ་འཇགས་དམིགས་ཚད་དོ་དམ་ལག་ལེན་བསྟར་བ་དང་ཞིབ་དཔྱད་བསྡུར་བཤེར་ལམ་ལུགས་དོན་འཁྱོལ་བྱེད་དགོས། ལྔ་ནས་ནད་པའི་སྨན་སྤྱོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་གཤགས་བཅོས་ཞིབ་དཔྱད་བསྡུར་བཤེར་ལས་རིམ་ལག་ལེན་ནན་པོ་བསྟར་ནས་སྨན་ནད་ཀྱི་དོན་རྐྱེན་ཐོན་རྒྱུར་ཚོད་འཛིན་ནན་པོ་བྱས་ཏེ་ནད་པས་སྨན་སྤྱོད་རྒྱུ་བདེ་འཇགས་ཡོང་བ་བྱེད་དགོས། དྲུག་ནས་སྨན་ཁང་ནས་ནད་འགོ་རྒྱུར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྨན་ཁང་ནས་ནད་པར་འགོ་བའི་ཤུགས་རྐྱེན་ངན་པ་ཚོད་འཛིན་བྱེད་དགོས། བདུན་ནས་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་སྔོན་ཐོན་འདུ་ཤེས་དང་ཉམས་མྱོང་ལ་དཔེ་བལྟས་ཏེ་ནད་པར་བདེ་འཇགས་ཡོང་བའི་བྱ་ཐབས་དང་ཐབས་ཤེས་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཡིན་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་སྨན་ཁང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་མིང་ཀང་གིས་ཚོགས་འདུའི་ཐོག་སྨན་བཅོས་ཀྱི་སྤུས་ཚད་དང་ནད་པའི་བདེ་འཇགས་ལ་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་ཕྱིར། རང་རྒྱལ་གྱིས་རྣམ་པ་སྣ་ཚོགས་ཀྱི་དོ་དམ་བྱེད་སྒོ་སྤེལ་བ་དང་སྨན་བཅོས་སྒྲིག་གཞིས་ཞིབ་དཔྱད་དང་གདེང་འཇོག་བྱེད་པ་དང་། སྨན་ཁང་གི་དོ་དམ་ལོའི་བྱེད་སྒོ་སྤེལ་བ། སྨན་ཁང་ཆེ་གྲས་ཀྱིས་ནད་སྐོར་རྒྱག་པ། སྨན་བཅོས་སྤུས་ཚད་ལེ་དབར་ཁྲིར་ཁྱབ་པ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་སྤེལ་བ་སོགས་ཀྱི་བྱེད་སྒོ་བརྒྱུད་སྨན་བཅོས་བདེ་འཇགས་དོ་དམ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་སྨན་བཅོས་སྐབས་ནད་པར་མངོན་གསལ་གྱིས་ལེགས་སུ་སོང་བའི་ཚོར་སྣང་སྦྱིན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།